ཕྱག་དཔེ་ཁག་གཅིག་ངོ་སྤྲོད།

ལོ་ཤས་གཅིག་གཉིས་ནང་དུ་དཔལ་ལྡན་ས་སྐྱ་པའི་མཁན་པོ་ཁག་གཅིག་གིས་ཆར་རྗེས་ཤ་མོ་བརྡོལ་བ་ལྟར་འཕགས་བོད་མཁས་གྲུབ་དག་གི་བསྟན་བཅོས་རྣམས་ཀྱི་མར་དྲི་དང་རྩམ་དྲི་འཐུལ་བའི་ལྟ་གྲུབ་ཤེས་བྱའི་གནད་ལུགས་སུ་མགོ་མཇུག་བར་གསུམ་དུ་ལེགས་བཤད་དང་དཀའ་གནད་འཚོལ་སྡུད་དང་ཞིབ་འཇུག་ཡང་ཡང་བྱས་ཏེ་ནང་བསྟན་ཆོས་ལུགས་ཀྱི་གནད་སྨིན་ལ་བལྟ་ཀློག་གནང་བ་དང་། ཁུངས་ལུང་དང་རྒྱབ་རྟེན་གྱི་དཔྱད་གཞིའི་བསྟན་བཅོས་སོགས་འཚོལ་སྡུད་དང་། འཕགས་བོད་མཁས་གྲུབ་དམ་པ་ཚོའི་ལྟ་གྲུབ་ཐད་ལ་བདེན་པ་བདར་ཅི་ཐུབ་ཀྱིས་དགོངས་དོན་གསེད་དཀྲོལ་ཐོག་ཏུ་དཔྱད་རྩོམ་ཁྱབ་སྤེལ་གནང་འདུག  དེ་ཡང་མ་ལ་བུ་དགོས།  བུ་ལ་སྙིང་དགོས། སྙིང་ལ་རུས་པ་དགོས་ཟེར་བ་ལྟར་ཕྱིར་འདང་རེ་བརྒྱབ་ན་འཕགས་བོད་ཀྱི་གཞུང་ལུགས་ལ་རྐང་མཐིལ་ནས་སྤྱི་གཙུག་བར་དུ་སྟོན་པའི་བསྟན་པར་འགན་འཁུར་བའི་ཟུངས་ཁྲག་དྲོད་གཤེར་སོགས་ཀྱིས་ཆ་རྐྱེན་ལྷན་འཛོམས་ལས་བྱུང་བའི་བརྩམས་ཆོས་ཁག་གཅིག་ངོ་སྤྲོད་ན་འདོད།  

ས་སྐྱའི་བཙུན་དགོན་གྱི་མཁན་རིན་པོ་ཆེ་ཚུལ་ཁྲིམས་དཔལ་ལྡན་གྱིས་མཛད་གནང་བའི་ཞེན་པ་བཞི་བྲལ་གྱི་འགྲེལ་པ་གཙོས་བརྩམས་པ་དང་ཕྱོགས་སྒྲིག་གནང་བར་བརྒྱ་ལ་ཉེ་བར་ཡོད།

ས་སྐྱའི་མཐོ་སློབ་ཀྱི་མཁན་རིན་པོ་ཆེ་ཐུབ་བསྟན་་རབ་བརྟན་མཆོག་གིས་མཛད་པའི་དབུ་མའི་རྒྱན་གྱི་རྣམ་བཤད་དང་གཏམ་བྱ་རིན་ཆེན་ཕྲེང་བའི་མཆན་འགྲེལ།

རྫོང་གསར་བཤད་གྲྭའི་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་སམ་འཇམ་དབྱངས་དབང་ཕྱུག་གིས་མཛད་པའི་སྤྱོད་འཇུག་གི་འགྲེལ་པ་དང་དབུ་མའི་ལྟ་བའི་གད་རྒྱངས། ཀུན་མཁྱེན་གོ་རམས་པའི་རྣམ་ཐར་སོགས་ཕྱག་དཔེ་ཉི་ཤུར་ཉེ་བ་བརྩམས་ཡོད།

རྫོང་གསར་བཤད་གྲྭའི་མཁན་པོ་འཇམ་དབྱངས་བསྟན་པའམ་སྒྲོལ་མ་དར་རྒྱས་ཀྱིས་བོད་བསྒྱུར་གནང་བའི་མཁྱེན་བརྩེ་རིན་པོ་ཆེའི་རྣམ་ཐར་མཁན་པ་སྐྱེས།

རྫོང་གསར་བཤད་གྲྭའི་མཁན་པོ་ཀུན་བཟང་མཆོག་གིས་མཛད་པའི་དཀའ་གནད་དགོངས་བཅུད་རྣམ་དཔྱད་རིགས་རྒྱན་དང་ལྟ་བའི་གནད་ལ་དཔྱད་པ་ལུང་རིགས་རྒྱན་ཕྲེང་ཞེས་ཕྱག་དཔེ་གཉིས།

རྫོང་གསར་བཤད་གྲྭའི་མཁན་པོ་འདན་མ་ལྷ་དར་མཆོག་གིས་མཛད་པའི་ཕྱག་དཔེ་ཁ་ཤས་དང་༧ སྐྱབས་མགོན་གོང་མ་ཁྲི་ཆེན་མཆོག་གིས་གསུང་སྒྲ་ཕམ་རྡོ་རྗེ་ཐེག་པའི་ལམ་གྱི་སྔོན་འགྲོའི་ཁྲིད་ཡིག་ཞེས་སོགས་མཆིས།

ད་དུང་རྩོམ་པ་པོ་མང་པོ་ཞིག་བརྩམས་ཟིན་པའི་་ཕྱག་དཔེ་དང་མ་འོངས་པར་གང་རག་ངོ་སྤྲོད་བྱེད་འཆར་ཡོད། དོ་བདག་སོ་སོས་ཕྱག་དཔེའི་མཚན་དང་རྩོམ་པ་པོའི་སྐུ་པར་རེར། བཤད་གྲྭ་གང་ཡིན་མིན་བཅས་ཀྱི་མཚམས་སྦྱོར་གནང་རོགས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*