༸སྐྱབས་མགོན་༸གོང་མ་ཁྲི་ཆེན་སྐུ་འཁོར་ལྷན་རྒྱས་ཨ་རིར་ཆིབས་བསྒྱུར།

འདི་ཟླ་བའི་ཚེས་༡༤  ཉིན་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་རྒྱལ་ཡུམ་ཆེན་མོ་སྐུ་འཁོར་བཅས་ཕོ་བྲང་ནས་ལྡི་ལིར་ཕེབས་ནས་ལྡི་ལི་ནས་ཨ་རི་ལ་ཆིབས་བསྒྱུར་བསྐྱངས་གནང་བར་དང་།  ༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་སྐུ་འཁོར་ལྷན་རྒྱས་ཕོ་བྲང་ནས་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་བསྐྱངས་བ་མ་ཟད། དེའི་རྗེས་སུ་ཀ་ལི་སྤུངས་ཕྱོགས་སུ་ཕེབས་འཆར་ཡོད་འདུག  

དེ་བཞིན་དུ་༸སྐྱབས་རྗེ་འཁོན་གདུང་ཨ་སངྒཱ་བཛྲ་རིན་པོ་ཆེ་མཆོག་ཡུ་རོབ་ཕྱོགས་ཀྱི་བརྩེ་ཆེན་ཚོགས་པ་ཁག་གིས་གསོལ་འདེབས་བཞིན་ཆིབས་བསྒྱུར་གནང་མུས་རེད་འདུག  དེ་ཡང་སྦེ་ལྗམ་བརྩེ་ཆེན་ཚོགས་པ་དང་ཧོ་ལེན་བརྩེ་ཆེན་ཚོགས་པ།  ཧྥི་རན་སུ་བརྩེ་ཆེན་ཚོགས་པ་སོགས་ཀྱིས་གོ་སྒྲིག་འོག་ཏུ་ས་གནས་སོ་སོར་ཕེབས་ནས་བཀའ་སློབ་ལམ་སྟོན་དང་ཚེ་དབང་བཀའ་ཆོས་སོགས་གནང་དང་གནང་མུས་ཡིན་པ་མ་ཟད། ༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་༸སྐུ་ཡི་འཁྲུངས་སྐར་ས་གནས་སོ་སོ་ནས་གོ་སྒྲིག་སྲུང་བརྩི་ཟབ་རྒྱས་བཅས་གནང་འདུག 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*