ས་སྐྱ་པཎྜིཏ།

འཇམ་དབྱངས་མི་རུ་བྱོན་པའི་མཁྱེན་དཔྱོད་ཅན།།
བསིལ་ལྡན་ཁ་བའི་ལྗོངས་ཀྱི་པཎྜི་ཏ།།
བཅུ་ཕྲག་རིག་པའི་ཤིང་རྟ་ཆོས་ཀྱི་རྗེ།།
ས་སྐྱ་པཎ་ཆེན་སྤྱི་བོས་རྒྱན་དུ་བཀུར།།

ས་སྐྱ་པཎ་ཆེན་ནི་རབ་བྱུང་གསུམ་པའི་ཆུ་སྟག་སྟེ་སྤྱི་ལོ། ༡༡༨༢ ལོར་དཔལ་ལྡན་ས་སྐྱ་རུ། ཡབ་དཔལ་ཆེན་འོད་པོ་དང་། ཡུམ་མ་ཅིག་གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐབས་དེ་དུས་མཚན་ལ་དཔལ་ལྡན་དོན་འགྲུབ་བཏཊ། དེའི་རྗེས་སུ་རྗེ་བཙུན་རིན་པོ་ཆེ་གྲཊ་པ་རྒྱལ་མཚན་གྱི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་བཞེས་ནས་མཚན་ལ་ཀུན་དགའ་རྒྱལ་མཚན་གསོལ། སྐུ་ན་ཆུང་དུས་ནས་དམ་པའི་རིགས་སད་དེ་རྣམ་དཔྱོད་ཀྱི་རྩལ་རྫོཊ། ཁོང་ལ་མཁས་པ་གཞན་ལས་ཁྱད་དུ་འཕཊ་པའི་སྐྱེས་སྦྱོང་གི་ཤེར་རབ་ལྷན་སྐྱེས་སུ་མངའ་བས་འཆད་རྩོད་རྩོམ་གསུམ་གྱི་མཛད་པ་མཐའ་ལས་འདས་མོད།
འདིར་མཚོན་ཙམ་འགོད་ན།
དང་པོ་འཆད་པས་བསྟན་པ་སྤེལ་ཚུལ་ནི་དགུང་ལོ་དགུ་བའི་སྟེང་སློབ་དཔོན་ཤྲཱི་ཨཱནནྡ་གརྦྷའི་ཞལ་སྔ་ནས་མཛད་པའི་སྒྲུབ་ཐབས་མཚོ་སྐྱེས་འཆད་ཅིང་དགུང་ལོ་བཅུ་གཅིག་པར་རྩ་རྒྱུད་བརྟག་གཉིས་དང་སངས་རྒྱས་མཉམ་སྦྱོར་འཆད། དགུང་ལོ་བཅུ་གཉིས་པའི་དུས་སུ་རྡོ་རྗེ་གུར་དང་སཾ་བུ་ཊ་སོཊ་འཆད་ཅིང་འཆད་པ་དེའང་གཙང་ལ་གནད་དུ་ཁེལ་བར་མཛད།
གཉིས་པ་རྩོད་པས་བསྟན་པ་སྐྱོང་ཚུལ་ནི། དགུང་ལོ་སོ་བརྒྱད་ཀྱི་དུས་སུ་བསྟན་བཅོས་ཚད་མ་རིགས་གཏེར་བརྩམས་པས་དེའི་སྙན་པའི་གྲགས་པ་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་ཁྱབ་པས། རྒྱལ་བའི་བསྟན་པ་ལ་རྒོལ་བའི་མུ་སྟེགས་འཕྲོག་བྱེད་དགའ་བོ་འཁོར་དང་བཅས་པ་མང་ཡུལ་སྐྱིད་གྲོང་ལ་རྩོད་དུ་བྱུང་བས་སྨྲ་བ་ངན་པ་དེ་དག་ཚར་བཅད་དེ་འཁོར་གྱི་སློབ་མ་རུ་བླངས་ནས་རྒྱལ་བའི་བསྟན་པ་བསྲུང་བར་མཛད།
གསུམ་པ་རྩོམ་པས་བསྟན་པ་འཛིན་ཚུལ་ནི། དགུང་ལོ་ང་གཅིག་གི་དུས་སུ། བཀའ་བསྡུ་བཞི་བ་རུ་གྲཊ་པའི་བསྟན་བཅོས་ཆེན་པོ་སྡོམ་གསུམ་རབ་དབྱེ་དང་། ཚད་མ་སྡེ་བདུན་གྱི་དགོངས་དོན་ཕྱོགས་གཅིག་ཏུ་བསྡུས་པའི་བསྟན་བཅོས་ཆེན་མོ་ཚད་མ་རིག་གཏེར་དང་། ལུཊ་གཉིས་ཀྱི་སློབ་གསོའི་ཕྱུག་པའི་བོད་ཀྱི་ལེཊ་བཤད་ཐོག་མ་ས་སྐྱ་ལེཊ་བཤད་དང་གཞུང་ལུགས་ལེཊ་བཤད་སོཊ་མཛད་དེ་བོད་དུ་ལེགས་བཤད་ཀྱི་སྲོལ་ཐོག་མ་ཕྱེས། གཞན་ཡང་ཁོང་གིས་མཛད་པའི་མདོ་རྒྱུད་ཀྱི་དགོངས་འགྲེལ་ལ། ཐུབ་པའི་དགོངས་གསལ་ལམ་རྒྱལ་སྲས་ལམ་བཟང་སོཊ་ཚིག་ཉུང་ལ་དོན་རྒྱས་པ། ཁ་གསལ་ལ་དོན་ཟབ་པའི་བསྟན་བཅོས་དུ་མ་མཛད།
མེ་བྱི་ ༡༢༡༦ ནས་ལྕགས་ཕག ༡༢༥༡ བར་གདན་ས་དཔལ་ལྡན་ས་སྐྱ་བསྐྱངས། དེའི་ཡུན་ལ་ཚད་མ་རིཊ་གཏེར་བོད་སྐད་ལས་རྒྱ་སྐད་དུ་བསྒྱུར་ཏེ་མཁས་པའི་གྲགས་སྙན་ས་སྟེང་ཡོངས་སུ་ཁྱབ། གསུང་རྩོམ་ལ། གོང་ཞུས་ལྟར་ས་སྐྱ་བཀའ་འབུམ་དུ་ད་ལྟར་བཞུཊ་པའི་པོད་གསུམ་དང་། དེར་མ་འདུས་པའི་གྲུབ་མཐའ་རྣམ་འབྱེད་སོཊ་དུ་མ་དང་། བསྒྱུར་རྩོམ་ལ་ཚད་མ་རྣམ་འགྲེལ་དང་། རྣལ་འབྱོར་རྒྱུད་གསུམ་སོགས་དང་། གཞན་ཡང་བཀའ་བསྟན་ལ་མཆན་བཏབ་པ་སོགས་བགྲང་ལས་འདས་པར་བཞུགས།
དགུང་ལོ་དྲུག་ཅུ་རེ་གསུམ་པར། སྤྱི་ལོ་༡༢༤༤ ལོར་ཆེན་པོ་ཧོར་གྱི་རྒྱལ་པོ་གོ་དན་གྱིས་གདན་ཞུས་ཀྱི་བཀའ་བཀོད་ལྟར་སངས་རྒྱས་ཀྱི་བསྟན་པ་དང་། བོད་ཁམས་སྤྱིའི་བདེ་སྡུག་ལ་དགོངས་ནས་ཕེབས་པས་སྤྱི་ལོ་ ༡༢༤༦ ལིང་ཆུ་རྩེར་ཕེབས། ཕྱི་ལོ་ལ་གོ་དན་རྒྱལ་པོ་དང་མཇལ་འཕྲད་བྱས་ཤིང་། ཧོར་གྱི་རྒྱལ་པོ་འཁོར་འབངས་དང་།གཞན་ཡང་རྒྱ་དང་ཡུ་གུར་སོགས་འདུལ་དཀའ་བའི་གདུལ་བྱ་གྲངས་འདས་ཤིག་སྨིན་གྲོལ་གྱི་ལམ་དུ་བཀོད་པ་མཛད།
སྤྱིར་ས་སྐྱ་པཎྜི་ཏ་ནི་སྐྱེ་བ་ཉི་ཤུ་རྩ་ལྔའི་བར་དུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་རྗེས་བཟུང་མཛད་དེ་ཕུལ་བྱུང་གི་མཁས་པ་ཤ་ཏག་ཏུ་སྐྱེས་པ་མ་ཟད་བོད་གངས་རིའི་ལྗོངས་སུ་པཎྜི་ཊའི་མཚན་གྱི་ཅོད་པན་ཐོག་མ་དེའང་ཁོང་གིས་བཞེས་པ་རེད། གཞན་ཡང་ཁོང་སྐུ་ན་གཞོན་པའི་སྐབས་ནས་བཟུང་སངས་རྒྱས་བྱང་སེམས་མང་པོས་ཞལ་བསྟན་ནས་ལུང་བསྟན་གྱི་དབུཊ་དབྱུང་མཛད་པ་ནི་མི་ལ་མིས་ལབ་པ་དང་གཉིས་སུ་མ་མཆིས།

ཁོང་གི་ཞལ་སློབ་ལ། སྐུ་ཚ་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་དང་། དེའི་གཅུང་འགྲོ་མགོན་ཕྱག་ན་རྡོ་རྗེ། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་བ་ནས་བཤད་པའི་བརྒྱུད་འཛིན་ཤར་ནུབ་གུང་གསུམ་སོཊ་ཤིན་ཏུ་མང་པོ་སྐྱོང་དེ་བོད་གངས་རིའི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་ཉི་ཟླ་ལྟར་གསལ་བར་མཛད་དེ་མཐར་ལྕགས་ཕག་ལོ་སྟེ། སྤྱི་ལོ ༡༢༥༡ ལོར་བྱང་ཕྱོགས་སྤྲུལ་པའི་སྡེའི་གཙུག་ལག་ཁང་དུ་གདུལ་བྱ་རྟག་འཛིན་ཅན་རྣམས་འདུལ་བའི་ཆེད་དུའང་ཆོས་ལ་སྐུལ་བའི་ཕྱིར་དུ་རེ་ཞིག་གཟུཊ་སྐུ་ཞི་དབྱིངས་སུ་གཟིམ་པའི་ཚུལ་བསྟན་ཏོ།།

ཕྱི༵་ཡི་ཡུལ་ལ་ཞེན་པ་ཆེ་ན།།
ན༵ང་གི་དེ་ཉིད་ཤེས་ཐབས་མེད་པས།།
གས༵ང་བ་གཉིས་མེད་རྟོཊ་པའི་བློ་དེ།།
ཆོས་རྗེ་བླ་མས་བདག་ལ་སྩོལད་ཅིག །

འདི་འབད་རྣམ་དཀར་དགེ་བ་ཡིས།།
འགྲོ་བའི་སྡུག་བསྔལ་སེལ་བ་དང་།།
འཆི་ཚེ་མངོན་དགའི་ཞིང་ཁམས་ནས།།
ཆོས་རྗེའི་ཞལ་མཇལ་གསུང་ཐོས་ཤོག །

ལྷད་མེད་ལྷག་བསམ་གཙང་མའི་བདེན་པ་ཡིས།།
བདག་བློར་གཟུངས་དང་སྤོབས་པའི་རྩལ་རྫོཊ་ནས།།
འཁོར་བ་འཁྱམ་པའི་མ་གྱུར་སེམས་ཅན་རྣམས།།
ཆོས་རྗེ་བླ་མའི་ཞབས་དྲུང་འདྲེན་ནུས་ཤོག །

འཇམ་མགོན་བླ་མའི་མཛད་རྣམ་རྒྱ་མཚོ་ལས།།
ཆར་ཐིག་གཅིག་ཙམ་གླེང་བའི་དགེ་བ་འདིས།།
མ་གྱུར་འགྲོ་བའི་སྡིག་ལྟུང་དྲུངས་འབྱིན་ནས།།
མངོན་དགའི་ཞིང་དུ་མངོན་འཚང་རྒྱ་བ་ཤོག །

ཅེས་ཆོས་རྗེ་ས་པཎ་གྱི་ངོ་སྤྲོད་མདོར་བསྡུས་འདི་སྐབས་མཉམ་གྱི་གྲོགས་འགས་རེ་སྐུལ་བཞིན་གླིང་ལྷ་སྟེང་བ་རིག་གནོད་ཀྱིས་བོད་ས་ཕག་ལོའི་ཟླ་༡༡པའི་ཚེས་༡༣གྱི་ནུབ་མོར་སྦྱར།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*