རྒྱ་གར་སྐད་གྲགས་ཅན་གྱི་ལྷ་ཁང་ཏཱ་ཇི་མཱ་ཧཱ་ལཱ།

བསྒྱུར་པ་པོ། རྫོང་གསར་བཤད་གྲྭ་དགེན་གདོང་ཐོག་རྒྱལ་བུ་དོན་གྲུབ།

བོད་སྐད། ༼ཏཱ་ཇི་མཱ་ཧཱ་ལཱ༽དབྱིན་སྐད།(Taj Mahal)རྒྱ་སྐད། < 泰姬陵 > ནི་རྒྱ་གར་གྱི་སྐད་གྲགས་ཆེ་ཤོས་ཀྱི་གནའ་ཤུལ་གྲས་ཤིག་ཡིན་པ་དང་། འཛམ་གླིང་གི་རིག་གནས་ཤུལ་བཞག་སྟེ་འཛམ་གླིང་གི་བྱས་རྗེས་ངོ་མཚར་ཅན་བདུན་གྱི་གྲས་སུ་བདམས་ཡོད། དེ་ནི་གོང་མ་ཧྲ་ཅ་ཧན་ < Shah Jahan >གྱིས་ཁོང་གི་གཅེས་པའི་བཙུན་མོ་དེ་ལ་དྲན་རྟེན་དུ་རྒྱ་གར་ཡོངས་ཀྱི་བཟོ་སྐྲུན་མཁས་ཅན་དང་ད་དུང་ཡོ་རོབ་གླིང་ནས་བཟོ་སྐྲུན་མཁས་ཅན་གདན་དྲངས་ནས་ཕྱི་ལོ ༡༦༣༡ ནས་འགོ་ཚུགས་ཏེ་དུས་ཡུན་ལོ་ཉི་ཤུའི་རིང་དུ་ཉིན་རེར་གླ་པ་ཁྲི་གཉིས་རེ་བཀོལ་སྤྱོད་བྱས་ཏེ་རྡོ་ཀ་མ་རུར་བཟོས་པའི་ཆོས་ཁང་ཆེན་པོ་ཞིག་ཡིན་སྐད།
རྒྱལ་པོ་ཧྲ་ཅ་ཧན་གྱི་བཙུན་མོ་མུ་ཏཱ་མཱ་ཧལ་ < Mumtaz Mahal >ལ་ཕྲུ་གུ་བུ་བརྒྱད་དང་བུ་མོ་དྲུག་སྟེ་ཁྱོན་ཕྲུ་གུ་བཅུ་བཞི་སྐྱེས། ཕྲུ་གུ་ཐེངས་བཅུ་བཞི་པ་བཙའ་བའི་སྐབས་སུ་བཙུན་མོ་ལ་ཚ་ནད་འགོས་ནས་ལྷོ་ཕྱོགས་ཀྱི་དམག་སྒར་དུ་ཤི། གྲོངས་ཁར་རྒྱལ་པོ་ལ་ཁས་ལེན་བཞི་བྱེད་བཅུག་པའི་ནང་གི་གཅིག་ནི་ཁོ་མོར་མཛེས་སྡུག་ལྡན་པའི་བང་སོ་ཞིག་བསྐྲུན་པ་དང་འབྲེལ་རྒྱལ་པོས་སླར་ཡང་མནའ་མར་ལེན་མི་ཆོག་པའི་རེ་བ་བྱས། བང་སོ་ནི་འདི་ནས་བཤད་བཞིན་པའི་ <ཏཱ་ཇི་མཱ་ཧཱ་ལཱ་> རེད་འདུག
<ཏཱ་ཇི་མཱ་ཧཱ་ལཱ་> འཛུགས་སྐྲུན་བྱས་ནས་ཅང་མ་འགོར་བར། རྒྱལ་པོ་ཧྲ་ཅ་ཧན་གྱི་བུས་གཅེན་པོའི་གོ་གནས་འཕྲོག་པ་དང་། རྒྱལ་པོ་ཧྲ་ཅ་ཧན་ཡང་གནས་འདི་དང་ཐག་མི་རིང་བའི་ཕོ་བྲང་ཞིག་ཏུ་བཙོན་ལ་བཅུག བཙོན་དུ་རྒྱལ་པོ་ཧྲ་ཅ་ཧན་གྱིས་ཉིན་ལྟར་སྒེའུ་ཁུང་ཆུང་ཆུང་ཞིག་བརྒྱུད་དེ་གཙང་པོའི་ནང་དུ་འགུལ་བཞིན་པའི་ཏཱ་ཇི་མཱ་ཧཱ་ལཱ་ཡི་གཟུགས་བརྙན་ལ་བལྟས་ནས་ལོ་དགུའི་རྗེས་སུ་བཙོན་དུ་ནད་ཀྱིས་གྲོངས། 


སྟབས་ལེགས་པ་ཞིག་ལ་རྒྱལ་པོ་ཧྲ་ཅ་ཧན་གྲོངས་རྗེས་སུ་<ཏཱ་ཇི་མཱ་ཧཱ་ལཱ་> ཡི་ནང་དུ་ཁོང་གི་བཙུན་མོ་མུ་ཏཱ་མཱ་ཧལ་གྱི་འགྲམ་དུ་དུར་སྦས་བྱས་ཡོད། བང་སོའི་སྟེང་གི་ཡི་གེ་ནི་རྡོ་ཀ་མ་རུ་ནག་པོ་ཡིས་བཟོས་ནས་སྒྱུ་རྩལ་གྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་པ་དང་། རི་མོ་བརྐོ་བའི་རྡོ་ཀ་མ་རུའི་ཚོམས་ཆེན་ལས་ཁྱད་དུ་འཕགས་པའི་ལག་རྩལ་མཐོང་ཐུབ་པ་མ་ཟད་ཉི་འོད་ཚོམས་ཆེན་སྟེང་དུ་འཕྲོས་སྐབས་དེ་ལ་འགྱུར་ལྡོག་མང་པོ་བྱུང་བའི་གྲིབ་གཟུགས་ཀྱང་མཐོང་རྒྱུ་ཡོད། 
<ཏཱ་ཇི་མཱ་ཧཱ་ལཱ་>ནི་རྒྱ་གར་གྱི་སྒྱུ་རྩལ་གྱི་ཆེས་ཕུན་སུམ་ཚོགས་པའི་ནོར་བུ་ཞིག་དང་འཛམ་གླིང་ཤུལ་བཞག་ཁྲོད་ཀྱི་གསུང་རབ་བརྩམས་ཆོས་ཀྱི་གྲས་ཤིག་ཡིན་ཞིང་། འདི་ལ་ཕུན་སུམ་ཚོགས་པའི་བཟོ་བཀོད་ཅེས་བརྗོད་ཀྱི་ཡོད་ལ་རྒྱ་གར་གྱི་མུ་ཏིག་ཅེས་པའང་བརྗོད་ཀྱི་ཡོད། དེང་གི་རྒྱ་གར་རྡི་ལི་གསར་པ་དང་བར་ཐག་སྤྱི་ལེ་གཉིས་བརྒྱ་ལྷག་ཡོད་པའི་བྱང་ཕྱོགས་< ཨ་ཀེ་ར  Agra > གྲོང་ཁྱེར་ནང་དུ་གནས་ཡོད།
འཆམ་འཆམ་དུ་འགྲོ་ཞོར་ས་ཆ་འདིའི་ལོ་རྒྱུས་བོད་ཡིག་ཏུ་བཙལ་ཀྱང་མ་རྙེད། རྒྱ་ཡིག་ཐ་རེ་ཐོར་རེ་རྣམས་སྡུད་སྒྲིག་བྱས་ཏེ་བོད་ཡིག་ཏུ་བསྒྱུར་ཁུལ་བྱས།
༢༠༡༠/༠༡/༡༤ཉིན། 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

  1. Taj Mahal ནི་ཁ་ཆེའི་རྒྱལ་པོ་Shah Jahan སྐབས་བཟོས་པའི་རོ་ཁང་གི་རེད། དེ་ནི་ཁ་ཆེའི་མགོན་པ་ཞིག་མིན། དེ་ཙམ་མ་ཟད་ཁ་ཆེ་ཚོས་ལྷ་ཁང་ཟེར་བའི་ཚིགས་དེ་བེད་སྤྱོད་བྱེད་སྲོལ་མེད། གང་ཡིན་ཟེར་ན་ཁ་ཆེའི་ཆོས་ལུགས་ནང་ལྷ་སྐུ་རིགས་ལ་མཆོད་བྱེད་སྲོལ་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་ཞིག་རེད། དེར་བརྟེན་ཁོང་ཆོས་ཕྱལ་ཚལ་ཁང་ཟེར་བའི་ཚིགས་དེ་བེད་སྤྱོད་བྱེད་ཀྱི་ཡོད།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*