༧གོང་མ་ཁྲི་ཆེན་མཆོག་ནས་ཁོར་ཡུག་སྲུང་སྐྱོབ་དགོས་པའི་བཀའ་སློབ།

༧ སྐྱབས་མགོན་གོང་མ་ཁྲི་ཆེན་མཆོག་ནས་ཁོར་ཡུག་སྲུང་སྐྱོབ་ལ་གནང་བའི་བརྙན་གསར།

ང་རང་ཚོ་ད་ལྟ་གནས་ཤིང་རྒྱུ་བའི་འཇིག་རྟེན་གྱི་ཁམས་ལྷག་པར་དུ་ཡང་སོ་སོ་རང་ཉིད་སྡོད་སའི་ལུང་པ་ལ། ཁོར་ཡུག་སྲུང་སྐྱོབ་ཟེར་བ་དེ་དཔེ་མ་སྲིད་པ་གལ་ཆེན་པོ་ཡིན་པ་རེད། མི་ཁ་ཤས་ཀྱིས་ཟེར་བཞིན་ཡོད་རེད། གནའ་སྔ་ནས་ཤིང་བཅད་བཞིན་ཡོད། མེ་བཏང་བཞིན་ཡོད། གལ་གས་ཡོད་མ་རེད་ཟེར་ནས་བཤད་མཁན་ཡོད་རེད་དེ། གནའ་སྔ་མོའི་མི་ཚེ་དང་དེང་སང་གི་མི་ཚེ་སྤྱད་སྟངས་ཁ་ཁར་ཆགས་བསྡད་ཡོད་རེད། དེ་འདྲ་ཡིན་དུས། ད་ལྟ་ང་རང་ཚོས་ཁོར་ཡུག་སྲུང་སྐྱོབ་ཟེར་བ་དེ་མ་བྱས་པ་ཡིན་ན་ང་རང་ཚོའི་ལྷག་པར་དུ་ཡང་མི་ཐོག་རྗེས་མ། བུ་རྒྱུད་ཚོའི་མི་ཚེ་ནང་ལ་དཀའ་ངལ་ཞིབ་པོ་ཞིག་ཡོང་བ་དེ་གཞི་གྲུབ་གྲུབ་པ་ཡིན་པ་རེད། དེ་བས་ཚང་མས་ཁོར་ཡུག་ལ་གཅེས་འཛིན་དང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད། གང་ལྟར་ང་རང་ཚོ་གནས་ཤིང་རྒྱུ་བའི་ས་གནས་དེའི་ཆུ་ཡིན་ན་གཙང་མ། ཤིང་རྩི་ནགས་ཚལ་ཡིན་ན་ཕྱོགས་ཀུན་ནས་རྒྱས་པ། མི་གཙང་བའི་རིགས་རྫས་དུག་ལ་སོགས་པ་དེ་མིན་ན་ཡང་གང་ལྟར་འབག་གཙོག་གི་རིགས་སུ་གྱུར་པ་ལ་བཀག་སྡོམ་བྱེད་ཡ་དེ། ཚོགས་པ་རེ་ཟུང་དང་མི་རེ་ཟུང་གིས་འགན་ཁུར་ནས་བྱེད་ཐུབ་ཡ་ཞིག་རྩ་བ་ནས་མ་རེད། དེ་གང་འདྲ་ཟེར་བྱེད་དགོས་རེད་ལབ་པ་ཡིན་ན། མི་ཡོད་ཚད་སྐྱེ་བོ་རྣ་ལྡན་པ་ཡོངས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཟེར་བ་དེ་གལ་ཆེན་པོ་ཡིན་པ་དང་དེ་ལ་ཡང་མི་གང་གས་འབད་བརྩོན་མཉམ་རུབ་བྱེད་དགོས་བཞིན་ཡོད་པ། འོ་དེ་འདྲ་ཞིག་བསམ་བློའི་ནང་དུ་བྱུང་པ་ཡིན་ན། དེ་ནས་དངོས་ནས་དྲང་གནས་ཀྱི་ནུས་པ་ཐོན་ཐུབ་པ་ཞིག ང་རང་ཚོའི་མ་འོངས་པའི་མི་ཐོག་ཚོ་ཡིན་ན་ཡང་འཚོ་བ་བདེ་སྐྱིད་ངང་ལ་རོལ་ཐུབ་པ་ཞིག་ཡོང་ཡ་རེད། བྱས་ཙམ་ང་རང་ཚོའི་སོ་སོའི་བུ་རྒྱུད་ལ་བརྩེ་བ་མེད་མཁན་སུ་ཡང་ཡོང་གི་མེད་རེད། བུ་རྒྱུད་ཚོའི་བུ་རྒྱུད་ཚོ་རེད། མ་འོངས་པའི་མི་རྒྱུད་ཚོར་ང་ཚོས་ད་ལྟ་ནས་བསམ་བློ་མ་གཏང་པ་ཡིན་ན་མ་འོངས་པའི་མི་ཚང་ཚོ་ཡིན་ན་ང་ཚོས་སྐབས་དེ་དུས་ཞེ་དྲག་གི་ཁུར་མ་བླངས་པའི་ནོར་འཁྲུལ་ཆེན་པོ་བྱས་འདུག་བསམ་བསམ་གྱི་བསམ་བློ་ཞིག་ཡོང་རྒྱུ་རེད། བྱས་ཙམ་དེ་འདྲ་ཡིན་དུས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ནས། ག་དུས་ཡིན་ན་ས་ཆ་གང་དུ་གནས་པ་ཡིན་ན་སོ་སོ་རང་ཉིད་སྡོད་ས་གནས་ས་གཅོ་བོ་གྱུར་པའི་ས་ཕྱོགས་གང་ན་ཡིན་ན་ཡང་། ཆུ་རེད་ཤིང་རེད་ཚང་མ་གཙང་མ་བྱ་ཡ་དང་། ཤིང་རྩི་ནགས་ཚལ་གཅོད་གཏུབ་བྱེད་ཡའི་རིགས་སུ་གྱུར་པ་དང་། དེ་ག་ནང་བཞིན་འབག་གཙོག་ཏུ་གྱུར་པའི་རིགས་དེ་དག་ངེས་པར་དུ་སྤོང་ནས། གང་ཡིན་ན་ཡང་སྣོད་བཅུད་གཙང་མར་གྱུར་པ་ཡིན་ན་དེ་ནས་ང་ཚོ་མི་གཙོ་བོ་གྱུར་པའི་སྲོག་ཆགས་རེད་ཚང་མ་བདེ་སྐྱིད་ཀྱི་ངང་ལ་རོལ་ཐུབ་པ་ཞིག་ཡོང་གི་རེད། བདེ་སྐྱིད་ཀྱི་ངང་ལ་རོལ་ཐུབ་པ་ཞིག་བྱུང་བ་ཡིན་ན་དེའི་རྗེས་སུ་ང་རང་ཚོར་ལས་དགེ་བ་བྱས་པ་ལ་རྟེན་ནས་འབྲས་བུ་བདེ་བ་རང་ཉིད་ལ་ཡང་འབྲས་བུ་ཉམས་ས་མྱོང་རྒྱུ་རེད། བྱས་ཙམ་དེ་འདྲ་ཡིན་དུས་དེ་ཚོ་ཚང་མས་ཐུགས་ལ་བཞག་རོགས་གནང་།
ཞེས་ཁྲི་ཚོ་བ་ཕུན་རྒྱལ་ནས་2019/6/2ཉིན་ཡིག་ཐོག་ཏུ་ཕར་པའོ།
གསལ་བཤད།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*