ཀྲེན་གྲོང་ཚོ་དང་དྲག་སྤྱོད་པ་ཨ་ཁ་དྷའི་འཇུག་འབྲས།

རྩོམ་པ་པོ། དགེ་བཤེས་བསོད་ནམས་རྡོ་རྗེ།


ཀྲེན་གྲོང་ཚོ་དང་དྲག་སྤྱོད་པ་ཨ་ཁ་དྷ།
(ཀྲན་གྲོང་ཚོ་)ནི་ཇུའི་ཆོས་ལུགས་ལ་དད་གུས་བྱེད་པའི་གྲོང་ཚོ་ཞིག་རེད། མི་རིགས་འདི་རང་གི་ཆོས་ལུགས་རིག་གཞུང་ལ་དད་གུས་ཆེ་བའི་མི་རིགས་ཤིག་རེད། གྲོང་ཚོ་འདི་ནི་སྔོན་མ་ཨེ་རག་གིས་དམག་རྒྱབ་ནས་གཏོར་གཤིག་འཚབ་ཆེན་གཏང་ཡོད་ཀྱང་། རིམ་གྱིས་མི་རིགས་ཀྱི་དད་གུས་དང་ལ་རྒྱ་ལས་གྲོང་ཚོ་སྔ་ལས་ཕྱུག་པ་ཞིག་ཏུ་གྱུར་ཡོད།ཕྱི་ལོ་༢༠༡༥ལོ་ནས་ས་གནས་འདིར་(དྷ་ར་)ཟེར་བའི་ཕོ་གཞོན་གློག་བཟོ་བ་ཞིག་སླེབས། ཁོ་ནི་ཕོ་གཞོན་ཉམས་བཟོ་དད་པར་མ་ཟད། མི་ཀུན་དང་འབྲེལ་འདྲེས་ཆེན་པོ་བྱེད་མཁན་ཞིག་རེད། ཁོང་གྲོང་ཚོ་འདིར་སླེབས་ནས་ལོ་དེ་ཙམ་སོང་མེད་ཀྱང་། གྲོང་ཚོ་དེས་མི་ཀུན་ལས་དགའ་མོས་ཐོབ་པར་མ་ཟད། གློག་བཟོ་བའི་ཚོང་ལས་ཀྱང་ཧ་ཅང་རྒྱུགས། དེ་ནས་ལོ་གསར་དང་། དཔྱིད་འགོའི་དུས་ཆེན། དབྱར་ཀའི་མེ་ཏོག་ལྡུམ་རིའི་སྤྲོ་འཆམ། སྟོན་མཇུག་སྟོན་ཐོག་བསྡུ་ཟིན་གྱི་དགའ་སྟོན། དགུན་ཁར་ཁ་བ་ཐོག་མར་བབས་པའི་དུས་ཆེན་སོགས་སུ་མགྲོན་པོ་ཞིག་ཡོད་པ་ནི་དྷ་ར་རེད། གང་ལྟར་དྷ་ར་ནི་གྲོང་བ་དེས་དགའ་མོས་ཆེ་ཤོས་བྱ་ས་ཞིག་རེད། ཁོང་ཀྲེན་གྲོང་ཚོ་ནང་བསྡད་པའི་རིང་ཇུའི་དང་ཁ་ཆེ་ཆོས་ལུགས་བར་གྱི་རྙོག་གླེང་དང་། ཀྲེན་གྲོང་ཚོ་ནི་ཇུའི་ཆོས་ལུགས་ཀྱི་དཔལ་འབྱོར་གྱི་རྒྱབ་སྐྱོར་ཆེན་པོ་བྱེད་མཁན་ཞིག་ཡིན་པས་གསང་བ་རྙེད དེ་ནས་བཟུང་ཁོང་ཀྲེན་་གྲོང་ཚོ་དང་སེམས་ཐག་རིང་དུ་སོང་ལ། ཁྱོད་ཤི་ང་གསོན་གྱི་དམག་འཐབ་བྱ་རྒྱུའི་གྲ་སྒྲིག་བྱས་པ་རེད། རེད་དེ། ཁོང་གི་ཕྱི་རྣམ་འགྱུར་ལ་འགྱུར་བ་ཅི་ཡང་མེད། ཉིན་གཅིག་སྟོན་མཇུག་སྟོན་ཐོག་བསྡུ་བའི་དུས་ཆེན་(ཕྱི་ཟླ་༩པའི་ཚེས་༨)ཤར། གློག་སྒྲོན་དཀར་དམར་གྱིས་བརྒྱན་པའི་ཀྲེན་གྲོང་ཚའི་ལྷ་ཁང་གི་མདུན་ཐང་དུ་གྲོང་མི་རྒན་གཞོན་ཀུན་འཛོམས་སོང་ལ། དགུང་ལོ་བདུན་ཅུར་ཕེབས་པའི་བླ་མ་ཨག་གིས་ལྷ་གསོ་བའི་ཆོ་གའི་འགོ་བཙུགས་སོང་། བསམ་ཡུལ་ལས་འདས་པ་ཞིག་ལ་ལྷ་གསོ་སའི་གདིང་ཆའི་རྒྱབ་དེ་ནས་རས་གོས་དཀར་པོ་དང་། ཞྭ་མོ་དཀར་པོ་གོན་པའི་ཕོ་གཞོན་ཞིག་དོན་སོང་། སྐབས་དེར་མང་ཚོགས་ཟང་ཟིང་གིས་ཁེངས་སོང་ལ། རིགས་ངན་ཁ་ཆེ་འདི་སུ་རེད། གང་ནས་ཡོང་བ་རེད། ཁོང་མར་ཁྲིད་ནས་ཉེས་རྡུང་བཏང་དགོས་རེད་ཅེས། ཀི་སྒྲས་གནམ་ས་གང་སོང་། ལུས་པོ་ལྡེབ་འཁྱུག་ཆེ་བའི་ཕོ་གཞོན་འགའ་གདིང་ཆའི་སྟེང་རྒྱུགས་ནས་ཁོང་ས་ལ་བསྣན་སོང་། མ་བསམ་ས་ནས་དེ་ནི་གྲོང་པ་འདིས་དགའ་མོས་བྱ་སའི་གློག་བཟོ་བ་དྷ་ར་རེད། མི་ཆ་ཚང་ཧང་སང་། སྐབས་དེར་ཁོང་གིས་ལག་གཉིས་ཐལ་མོ་སྦྱར་ནས། ཀྲེན་གྲོང་ཚོའི་གྲོང་མི་ཡོངས་ལ་བཟོད་གསོལ་དང་འབྲེལ། ཁོང་ཁ་ཆེའི་མི་རིགས་(ཨ་ཁ་དྷ)་ཟེར་བ་ཞིག་ཡིན་ཚུལ་དང་། ཁོང་གྲོང་བ་འདིར་ཧ་ཅང་བརྩེ་སེམས་ཡོད་ཀྱང་། ཆོས་ལུགས་ཀྱི་ཆེད་དུ་ལས་འགུལ་འདི་མ་བརྩམས་རང་རྩོམ་ཆགས་སོང་། ཟེར་བའི་གཏམ་བཤད་ཐུང་ངུ་ཞིག་བྱེད་པ་དང་། སྡིར་སྒྲ་ཞིག་གིས་གནམ་ས་ཡོངས་སུ་བཀང་སོང་ལ། རིམ་གྱིས་གྲོང་བ་ཆ་ཚོང་མེ་ལྕེའི་ཕུང་པོ་ཞིག་ཏུ་གྱུར།
ཕྱིས་ཚན་རིག་པས་བརྟག་དཔྱད་བྱས་པའི་བརྒྱུད་རིམ་ནང་། དྷ་རས་གྲོང་ཚོ་ཡོངས་ཀྱི་གློག་སྣ་གཅིག་ཏུ་བསྡུས་ནས་ལྷ་ཁང་འབར་རྫས་ཀྱིས་གོས་འཐོར་ཕྱིན་པ་དང་། གྲོང་ཚོ་ཡོངས་མེ་ལྷའི་ཞལ་དུ་བསྟར་རྒྱུའི་ལས་འགུལ་བརྩམས་པ་ཤེས། རེད། ཚན་རིག་པས་ཤེས་དུས་ཐལ་ཕུང་ཞིག་ལས་ཅི་ཡང་ལྷག་མེད་ལ། ལ་རྒྱ་དང་ཤེས་ཡོན་གྱི་ཕྱུག་པའི་ཇུའི་མི་རིགས་གཅིག་སྟོང་བརྒལ་བའི་རྣམ་ཤེས་བར་སྣང་ཁམས་སུ་ཡལ་ཟིན། དེ་ནས་ལོ་རྒྱུས་ཀྱི་འོད་སྟོང་འཕྲོས་པའི་ཀྲེན་གྲོང་ཚོ་གཏམ་བརྒྱུད་ཀྱི་ཡུལ་ཙམ་དུ་གྱུར་པ་རེད།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*