བོད་དབྱིན་ཟུང་འབྲེལ་གྱི་ས་སྐྱའི་ལོ་ཐོ།

ང་ཚོའི་བོད་དབྱིན་ཟུང་འབྲེལ་གྱི་ས་སྐྱའི་ལོ་ཐོ་appའདི་བཞིན་བེད་སྤྱོད་གནང་མཁན་ཚོར་ལས་བསླ་པོའི་ཐོག་ནས་གཟིགས་ཞིབ་གནང་ཐུབ་པ་དང་། དམིགས་བསལ་མི་འདྲ་བའི་ཁྱད་ཆོས་ནི་གཙོ་བོ་དཔལ་ལྡན་ས་སྐྱ་པའི་རིང་ལུགས་འཛིན་པའི་མཁས་གྲུབ་སྐྱེས་ཆེན་རྣམ་པའི་དུས་ཆེན་ངོ་སྤྲོད་གསལ་བཤད་ཞུས་ཡོད།

ལྷག་པར་དུ་༸སྐྱབས་མགོན་༸ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༸སྐྱབས་མགོན་༸ས་སྐྱ་གོང་མ་ཁྲི་འཛིན་རིན་པོ་ཆེའི་གལ་ཆེའི་བཀའ་སློབ་གསུང་འཕྲིན་ཁག་ལས་ལུང་འདྲེན་གྱི་ཚུལ་དུ་མཚམས་བཅུག་ཞུས་ཡོད་པས་དེ་དོན་ཉིན་རེའི་འཚོ་བའི་ཁྲོད་ཀྱི་ཉམས་ལེན་ཆེད་དགེ་ཕན་རླབས་ཆེན་ཡོང་ངེས་ཡིན།

appབེད་སྤྱོད་སྐབས་ཀུ་ཤུ་རྟགས་ཅན་མ་ཡིན་པའི་ཁ་པར་Google Play store བརྒྱུད་ནས་ཕབ་ལེན་ཐུབ་པ་དང་། ཀུ་ཤུའི་ནང་དུ་ས་སྐྱའི་ལོ་ཐོ་དགོས་ན་ཅི་བདེར་ཕབ་གནས། 👉🏻https://itunes.apple.com/in/app/sakya-calendar/id1452085952?mt=8 ཡང་ན་འདི་བརྒྱུད་ནས་ཕབ་ལེན་ཐུབ་ཀྱི་ཡོད། 

App འདི་རིན་མེད་ཐོག་བེད་སྤྱོད་གནང་ཐུབ་ཀྱི་ཡོད། མ་འོང་པར་བརྙན་ཆས་App འདི་བཞིན་རིམ་གྱིས་ཡར་རྒྱས་གཏོང་ཐུབ་པ་ཞུ་རྒྱུ་བཅས་དེ་དོན་དགོངས་མངའ་ཞུ།


རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*