ཚོར་གཞས་ཐན་ཐུན།
གྲགས་པའི་ཟླ་འོད་འཛུམ་པའི་སར། །
རེ་བའི་སྙིང་སྤོབས་ཐོགས་ན་ཡང་། །
འཁྲིས་སུ་རྒྱུ་བའི་འདབ་མ་དག །
རང་རང་ཕྱོགས་སུ་གྱེས་ནས་སོང་། །
ཡིན་ཡང་མུ་ཁྱུད་ཕ་མཐའ་ནས། །
ཚོར་བའི་གླེང་སློང་ཅི་བྱས་ཀྱང་། །
མི་སེམས་འཕྲོག་པར་རབ་དཀའ་བས། །
རང་ནུས་ཅི་ལྕོགས་འགྲིག་པར་སེམས། །
སྙན་ཚིག་ཟླ་བའི་ཟེགས་མ་ཡིས། །
སྣང་བའི་གཞུང་ལ་རྒྱན་སྤྲས་ཀྱང་། །
ལྷོ་བཞུད་ངང་བའི་ཁྱུ་ཚོགས་ཀྱི། །
གཤོག་པའི་འཕུར་ལྡིང་རྨད་དུ་ཆེ། ། དེ་ལས་མང་་་
