གསར་འགྱུར།

ས་སྐྱ་མཐོ་སློབ་ལ་རིས་མེད་བགྲོ་གླེང་ཆེན་མོ།

2018 ལོའི་ཟླ 3 ཚེས 28 ཉིན། གདོང་མཁན། 0

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་དཔལ་ས་སྐྱའི་མཐོ་སློབ་གཉིས་ཀྱིས་ཟུང་འབྲེལ་ཐོག་གོ་སྒྲིག་ཞུས་པའི་རིས་མེད་བགྲོ་གླེང་ཐེངས་གསུམ་པ་དེ་རིང་དབུ་འཛུགས་གནང་བ་དང་། བགྲོ་གླེང་དེ་ཡང་ཕྱི་ཟླ་ ༣ ཚེས་ ༢༨ ནས་ ༣༡ བར་ཉིན་གྲངས་བཞིའི་རིང་ཚོགས་རྒྱུ་དང་། ཐེངས་འདིའི་བགྲོ་གླེང་ནང་བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཁག་ནས་གསུང་བཤད་གནང་མཁན་བཅུ་གཅིག་དང་། ཝ་ཎ་དབུས་གཙུག་ལག་སློབ་གཉེར་ཁང་ནས་ཆེད་མངགས་ཚད་མའི་ལོ་རྒྱུས་ཐོག་དཔྱད་རྩོམ་དང་གཏམ་བཤད་གནང་ དེ་ལས་མང་་་

བཀའ་སློབ།

བླ་མ་བཟང་ངན་འབྱེད་སྟངས་ཀྱི་བཀའ་སློབ།

2018 ལོའི་ཟླ 3 ཚེས 24 ཉིན། གདོང་མཁན། 0

བླ་མ་བཟང་ངན་གྱི་ཕྱོགས་ནས་ང་ཚོ་འདྲ་བོ་ཡིན་ན། དཔེ་མི་སྲིད་པའི་ལས་སླ་བོ་རེད། ཁོ་དང་ལྷན་དུ་སྐད་ཆ་ཚིག་ཁ་ཤས་བཤད་པ་ཡིན་ན། ཁོའི་བསམ་བློ་གཏོང་ཕྱོགས་དང་། ལས་ཀ་སྒྲུབ་སྟངས་ག་འདྲ་ཡིན་པ། ཕལ་ཆེར་ཚོད་དཔག་བྱེད་ཐུབ་ཀྱི་ཡོད་རེད། བརྒྱ་ཆའི་སྒང་ནས་བསམ་བློ་བཏང་ན། བརྒྱ་ཆ་དགུ་བཅུ་ཙམ་ཚོད་དཔག་བྱེད་ཐུབ་ཀྱི་ཡོད་རེད། ཡིན་ན་ཡང་། རྒྱ་ནག་གི་མི་ལ་བསམ་བློ་བཏང་བ་ཡིན་ན། སྤྱིར་བོད་མི་རིགས་ལ་རྒྱུས་ལོན་ཆེན་པོ་ དེ་ལས་མང་་་

བཀའ་སློབ།

དཔལ་ས་སྐྱ་པའི་འཁོན་གདུང་༸སྐྱབས་མཆོག་ཨ་སངྒ་བཛྲ་རིན་པོ་ཆེ་མཆོག་གི་བཀའ་སློབ།

2018 ལོའི་ཟླ 3 ཚེས 24 ཉིན། གདོང་མཁན། 0

དེ་རིང་འདིར་བཙུན་མའི་མཁན་པོ་བྱམས་པ་མཁས་གྲུབ་ལགས་དང་ལས་བྱེད་རྣམ་པ། དེ་གར་ནང་བཞིན་སློབ་ཕྲུག་དགེ་འདུན་བཙུན་མ་རྣམ་པར་དུས་ཚོད་འདི་དང་སྟབས་བསྟུན་ནས་ཚིག་ཁ་ཤས་ཤིག་ཞུ་རོགས་ཅེས་རེ་བསྐུལ་ཞུ་སོང་། དམིགས་གསལ་ང་ལ་བསླབ་བྱ་དེ་འདྲ་རྒྱབ་ཡ་གང་ཡང་མེད། ཡིན་ནའང་ང་རང་ཚོ་སྤྱིར་བཏང་ནས་ནང་པ་སངས་རྒྱས་པ་ཡིན་པས་ཆ་དང་། དེ་གར་ནང་བཞིན་གྱི་ལྷག་པར་དུ་བཤད་གྲྭ་བ་སློབ་སྦྱོང་བྱེད་མཁན་ཡིན་པས་ཆ་ནས་བསམ་བློ་གཏང་དགོས་ དེ་ལས་མང་་་

གསར་འགྱུར།

རིགས་གཏེར་དཔྱིད་ཆོས་ཆེན་མོ་ལེགས་གྲུབ།

2018 ལོའི་ཟླ 3 ཚེས 22 ཉིན། གདོང་མཁན། 0

ཁ་སང་དབུས་ས་སྐྱ་སྨོན་ལམ་ཐེབས་རྩ་ཁང་གི་གོ་སྒྲིག་འོག་ཉིན་གྲངས་ ༡༥ རིང་རྒྱ་གར་རྡེ་ར་ལྡུན་མངའ་ཁོངས་རཱ་ཇེ་པུར་ས་སྐྱ་མཐོ་སློབ་ཏུ་ཚོགས་པའི་དཔལ་ས་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོ་སྐབས་བརྒྱད་པ་ལེགས་པར་གྲུབ་ཡོད་པ་དང་། ཐེངས་འདིའི་དཔྱིད་ཆོས་ཆེན་མོའི་ཐོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་མཁས་དབང་རྣམ་པ་དང་། ད་ལྟའི་ཆར་བཙན་བྱོལ་དུ་དཔལ་ས་སྐྱ་པར་བཤད་གྲྭ་ཁག་བཅུ་ལྷག་ཡོད་པ་ནས་ས་སྐྱ་མཐོ་སློབ་ དེ་ལས་མང་་་

གསར་འགྱུར།

རིས་མེད་བགྲོ་གླེང་ཆེན་མོ།

2018 ལོའི་ཟླ 3 ཚེས 20 ཉིན། གདོང་མཁན། 0

དེ་རིང་དཔལ་ས་སྐྱའི་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་དུ་ས་སྐྱའི་སྨོན་ལམ་ཐེབས་རྩ་ཁང་གི་གོ་སྒྲིག་ཞུས་ཏེ་རིགས་གཏེར་དཔྱིད་ཆོས་ཆེན་མོ་སྐབས་བརྒྱད་པའི་སྐབས་སུ་རིས་་མེད་མཁས་པའི་བགྲོ་གླེང་ཆེན་མོའི་ཐོག་ཏུ་ས་སྐྱའི་མཁས་དབང་ལྔ་དང་། རྙིང་མ་དང་བཀའ་རྒྱུད། དགེ་ལུགས་དང་བོན་པོ་བཅས་རིས་མེད་མཁས་དབང་ལྷན་འཛོམས་ཀྱིས་དབུ་མའི་སྐོར་ལ་བགྲོ་གླེང་གནང་བཞིན་པའི་རྣམ་པ་ཞིག དེ་རིང་དཔལ་ས་སྐྱའི་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་དུ་ས་སྐྱའི་སྨོན་ལམ་ཐེབས་ དེ་ལས་མང་་་

གསར་འགྱུར།

༸སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་མཆོག་ནས་བཀའ་དབང་གནང་བ།

2018 ལོའི་ཟླ 3 ཚེས 20 ཉིན། གདོང་མཁན། 0

༄༅། །༸སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་སྤྱི་ལོ་༢༠༡༨སྤྱི་ཟླ། ༣ ཚེས ༢༠ ནས་ཚེས ༢༤ བར་ཉིན་བཞིའི་རིང་དུ་སྦིར་རྙིང་མ་དགོན་པ་རྟེན་མཆོག་འགྱུར་མེད་གླིང་གི་ཐང་སྟོང་སྙན་བརྒྱུད་དབང་ལུང་མན་ངག་ཁྲིད་བཅས་གནང་བའི་སྐལ་བཟང་གི་ཉིན་མོ་འདིར་ནམ་མཁའི་ལྷས་ཀྱང་འཇའ་རིས་ཀྱི་གདུགས་ཕུབ་ཏེ་རབ་ཏུ་དགའ་བའི་རྣམ་པར་བསྟན་པའི་རྣམ་པ་དང་། གཉུག་མ་གནས་པའི་དགེ་འདུན་དང་འཕྲལ་དུ་ཕེབས་པའི་དགེ་འདུན། དེ་བཞིན་དུ་ས་གནས་ས་ཐོག་གི་བོད་མི་ཧ་ཅང་མང་པོ་ཞིག་དབང་ དེ་ལས་མང་་་

གསར་འགྱུར།

༸ཐར་རྩེ་མཁན་ཆེན་མཆོག་བལ་ཡུལ་དུ་ཆིབས་བསྒྱུར་དང་སྦྲགས་མཛད་འཕྲིན་བསྐྱངས་བཞིན་པ།

2018 ལོའི་ཟླ 3 ཚེས 20 ཉིན། གདོང་མཁན། 0

༄༅། །བསྟན་དང་འགྲོ་བ་ཡོངས་ཀྱི་དོན་དུ་བཀའ་དྲིན་གསུམ་ལྡན་ཀྱི་བླ་མ་དམ་པ་ངོར་ཆེན་རྒྱལ་བའི་གདུང་ཚབ་་ངོར་ཨེ་ཝཾ་༸ཐར་རྩེ་༸མཁན་ཆེན་རྡོ་རྗེ་འཆང་༸ངག་དབང་བསོད་ནམས་མཆོག་ལྡན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་གིས་བལ་པོ་ཁྲ་རིག་དགོན་དུ་ཉིན་བཅུ་རིང་ལ་འཁོར་ལོ་བདེ་མཆོག་གི་དབང་དང་། རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས། དཔལ་སྡོམ་དྲུག་པའི་ཁྲིད་དང་བཅས་པ་ལེགས་པར་བཀའ་དྲིན་སྐྱོང་བའི་མཛད་རྣམ།
བསྟན་དང་འགྲོ་བ་ཡོངས་ཀྱི་དོན་དུ་བཀའ་ དེ་ལས་མང་་་

གསར་འགྱུར།

འཆི་མེད་འཕགས་མ་སྙིང་ཐིག་གི་བཀའ་དབང་ཟབ་མོ་བཀའ་དྲིན་བསྩལ་བ།

2018 ལོའི་ཟླ 3 ཚེས 15 ཉིན། གདོང་མཁན། 0

ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༥ ཉིན་གྱི་དགོང་མོར་ཤར་ཨེ་ཤེ་ཡའི་མཚོ་གླིང་ཡུལ་གྲུ་ཐའི་ཝན་རྒྱལ་སའི་ཉེ་འགྲམ་དུ་རྒྱལ་ཕྱི་ནང་གི་དད་ལྡན་མང་ཚོགས་ལ་དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་རབ་ཀྱི་བདག་པོ། རྗེ་བཙུན་བརྟན་པའི་འཁོར་ལོ་མིའི་གཟུགས་སུ་རྣམ་པར་རོལ་པ། དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་པཎ་ཆེན་བི་མ་ལ་མི་ཏྲ་དང་སློབ་དཔོན་ཆེན་པོ་པད་འབྱུང་ཡབ་སྲས་ནས་བརྒྱུད་པའི་མན་ངག ཐུབ་བསྟན་ཡོངས་ དེ་ལས་མང་་་

གསར་འགྱུར།

༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་ཆོས་ཞུ་བ་ཁྲི་ཚོ་བརྒལ་བར་ཆོས་འབྲེལ།

2018 ལོའི་ཟླ 3 ཚེས 12 ཉིན། གདོང་མཁན། 0

ཉེ་ཆར་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོོག་དང་མཁའ་འགྲོ་མ་སྐུ་ཞབས་བདག་མོ་སྐལ་ལྡན་རྣམ་གཉིས་དང་སྐུ་འཁོར་ལྷན་རྒྱས་ཐེ་ཝན་ཕྱོགས་སུ་ཆིབས་བསྒྱུར་དང་སྦྲགས་ཆོས་ཚོགས་ཁག་གི་ནང་དུ་ཆོས་ཕྱོགས་དང་འབྲེལ་བའི་ཟབ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་དེ་བཞིན་དུ་བཀའ་སློབ་བསྩལ་བ་དང་། མཁའ་འགྲོ་མ་སྐུ་ཞབས་བདག་མོ་སྐལ་ལྡན་མཆོག་གིས་ཆོས་ཚོགས་ཁག་ཏུ་ཆིབས་བསྒྱུར་བསྐྱངས་པ་མ་ཟད་བཀའ་ དེ་ལས་མང་་་

བཀའ་སློབ།

༸སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་གནང་བའི་མ་ཎིའི་སྐོར།

2018 ལོའི་ཟླ 3 ཚེས 11 ཉིན། གདོང་མཁན། 0

མ་ཎི་འདོན་ན། ཡི་གེའི་འབྲུ་དྲུག་དེ། སྤྱིར་བཏང་འཕགས་པ་སྤྱན་རས་གཟིགས་དེ། སངས་རྒྱས་འོད་དཔག་མེད་འཇིག་རྟེན་ཁམས་ཐམས་ཅད་ལ་ཕོ་ཐམས་ཅད་འདུལ་བར་བྱ་བའི་ཕྱིར་སྤྱན་རས་གཟིགས་དང་། མོ་ཐམས་ཅད་འདུལ་བ་བྱ་བའི་ཕྱིར་དུ་རྗེ་བཙུན་སྒྲོལ་མའི་སྐུའི་རྣམ་པར་སྟོན། སངས་རྒྱས་འོད་དཔག་མེད་དེས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་མཛད། སྤྱན་རས་གཟིགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དགོངས་ནས། སྤྱན་ཆབ་མང་པོ་ཤོར་བ་དེ་ལས་རྗེ་བཙུན་སྒྲོལ་མ་འཁྲུངས་པ་རེད། འཇིག་རྟེན་ དེ་ལས་མང་་་

བཀའ་སློབ།

༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་བཀའ་སློབ་བསགས་སྦྱངས་སྤེལ་གསུམ་ལས་ཚོགས་བསགས་ཀྱི་སྐོར།

2018 ལོའི་ཟླ 3 ཚེས 11 ཉིན། གདོང་མཁན། 0

སྐྱབས་མགོན་༸ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ཉིས་སྟོང་བཅུ་གསུམ་ལོ་དཔལ་ས་སྐྱའི་མཐོ་སློབ་ཏུ་མཁན་ཆེན་ཨ་པད་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་ལ་རབ་གནས་དང་། མཁན་གསར་ཁྲི་སྟོན་གྱི་མཛད་སྒོའི་འཇུག་བླ་གྲྭ་མི་དམངས་བཅས་ལ་ཚེ་བསྒྲུབ་དབང་གནང་བའི་སྐབས་སུ་ཡན་ལག་བདུན་པའི་སྐོར་གྱི་བཀའ་སློབ་ཚན་པ་ཞིག རྒྱུད་དག་པར་བྱ་བའི་ཕྱིར་དུ་ཡན་ལག་བདུན་པ་བྱ་བའོ་ཞེས་གསུངས་པ་རེད། དེ་ཞེ་དྲག་གལ་ཆེན་པོ་ཡིན་པ་རེད། བསགས་
དེ་ལས་མང་་་

གསར་འགྱུར།

བྱང་ཨ་རི་དཔལ་ས་སྐྱའི་སྨོན་ལམ་གསལ་བསྒྲགས་འཕར་མ།

2018 ལོའི་ཟླ 3 ཚེས 9 ཉིན། གདོང་མཁན། 0

དེ་ཡང་རིས་མེད་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས་གཉིས་པ་སྤྱི་ལོ་༢༠༡༨ ལོའི་སྤྱི་ཟླ་༧ ཚེས་༡༣- ༡༤- ༡༥ བཅས་ཉིན་གསུམ་གྱི་རིང་ལ་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དབུ་བཞུགས་གནང་ཐོག་བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཨ་རིའི་ས་གནས་མི་ནི་སོ་ཊ་མངའ་ དེ་ལས་མང་་་

གསར་འགྱུར།

༸དཔལ་ས་སྐྱའི་ཁྲི་འཛིན་མཆོག་ནས་ཐེ་ཝན་དུ་རྡོ་རྗེ་ཕུར་པའི་དབང་ཆེན་སྩོལ་བ།

2018 ལོའི་ཟླ 3 ཚེས 9 ཉིན། གདོང་མཁན། 0

དེ་རིང་ཆོ་འཕྲུལ་ཟླ་བའི་ཚེས་ ༢༣ ཉིན་རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན་པོ་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་ཐེ་ཝན་རྒྱལ་སའི་ཁུལ་དུ་ཆོས་ཚོགས་ཁག་གི་མཁན་སྤྲུལ་དང་དགེ་འདུན། འཕྲལ་དུ་ཕེབས་པའི་མཁན་སྤྲུལ་དང་དགེ་འདུན་ཡང་མང་ཕེབས་འདུག་པ་དང་རྒྱལ་ཕྱི་ནང་གི་དད་ལྡན་བོད་རྒྱ་མི་རིགས་ཀྱི་མང་ཚོགས་ལ་སྙིགས་མ་ལྔ་བདོའི་འགྲོ་བའི་མགོན་པོ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ནས་བརྒྱུད་པའི་འཁོན་ལུགས་དཔལ་ཆེན་རྡོ་རྗེ་ཕུར་ དེ་ལས་མང་་་

གསར་འགྱུར།

རིགས་གཏེར་དཔྱིད་ཆོས་ཆེན་མོ།

2018 ལོའི་ཟླ 3 ཚེས 7 ཉིན། གདོང་མཁན། 0

དེ་རིང་དཔལ་ས་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོ་སྐབས་བརྒྱད་པ་དེ་ཡང་ཀུན་མཁྱེན་ཆེན་པོ་གོ་བོ་རབས་འབྱམས་པ་བསོད་ནམས་སེང་དགེ་མཆོག་གི་་འདས་མཆོད་དངབསྟུན་ནས་དཔལ་ས་སྐྱ་མཐོ་སློབ་གཙུག་ལག་སློབ་གཉེར་ཁང་ཆེན་མོར་སྤྱི་ལོ་ ༢༠༡༨/༣/ཚེས /༧ ནས་༢༡ བར་དུ་འཚོགས་འཆར་མཆིས། དེ་ཡང་དཔལ་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོ་སྐབས་བརྒྱད་པ། དཔལ་ས་སྐྱ་མཐོ་སློབ་ཏུ་དབུས་དཔལ་ས་སྐྱ་སྨོན་ལམ་ཐེབས་རྩ་ཁང་གི་གོ་སྒྲིག་ཞུས་པའི་རིགས་གཏེར་དཔྱིད་ཆོས་ཆེན་མོའི་ཚོགས་མགོན་དུ་ དེ་ལས་མང་་་

གསར་འགྱུར།

དགོངས་རྫོགས་དུས་མཆོད་བསུ།

2018 ལོའི་ཟླ 3 ཚེས 7 ཉིན། གདོང་མཁན། 0

དེ་རིང་ནི༌སྤྱི༌ལོ༌༢༠༡༨/༣/༧ ཆོ་འཕྲུལ་ཟླ་བའམ་བོད་ཟླ་དང་པོའི་ཚེས་ཉེར་གཅིག་ཡིན། ཉིན་འདི་ནི་ས་དཀར་རྗེས་པ་རྣམས་ཀྱིས་འཛམ་གླིང་ཡུལ་གྲུ་ཁྱོན་ནས་དུས་མཆོད་སྔོན་བསུ་དང་མཆོད་བསྟོད་གསོལ་འདེབས། དགེ་སྒྲུབ་དཀར་ཟས་སོགས་ལ་འབོད་འབུངས་གནང་བཞིན་ཡོད། དེ་ཡང་བོད་བརྒྱུད་ནང་བསྟན་པའི་རྗེས་འཇུག་ཚོའི་ངོས་ནས་བཤད་ན་ཧ་ཅང་གལ་ཆེན་གྱི་ཉིན་མོ་ཞིག་སྟེ། གངས་ལྗོངས་མཛེས་པར་བྱེད་པའི་རྒྱན་དགུ་ལས་མདོ་སྔགས་གཉིས་ཀ་ལ་མཁས་པའི་མཚན་དུ་གྲགས་པའི་ཀུན་མཁྱེན་ཆོས་ཀྱི་ དེ་ལས་མང་་་

1 42 43 44 45 46 70