༧ སྐྱབས་མགོན་༧ ས་སྐྱ༧ གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་རྒྱ་གར་བྱང་ཤར་ལ་ཆིབས་བསྒྱུར་གནང་འདུག

ཉེ་ཆར་༸སྐྱབས་མགོན་༸ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་རྒྱ་གར་བྱང་ཤར་ཁུལ་དུ་ཕེབས་ཏེ་བསྟན་འགྲོའི་བྱ་གཞག་རླབས་པོ་ཆེའི་འཕྲིན་ལས་བསྐྱངས་མུས་ལྟར།  འབྲས་ལྗོངས་ས་ངོར་ཆོས་ཚོགས་དང་ཁྱད་པར་དུ་༸སྐྱབས་རྗེ་གར་དབང་རིན་པོ་ཆེ་མཆོག་དང་དེ་གར་དགོན་པའི་ལས་ཀྱི་སྣེ་མོ་གཙོས་འདུས་སྤྱི་ནས་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ལ་ཇི་ལྟར་གསོལ་འདེབས་ལྟར་སྐལ་བཟང་གི་ཉིན་མོ་སྔོན་དུ་བསུ་ནས་དེ་རིང་དཔལ་ཀརྨ་ཟུར་མང་བཤད་སྒྲུབ་ཆོས་འཁོར་གླིང་དུ་ཆིབས་བསྒྱུར་གནང་བ་དང་སྦྲགས་དེ་གར་སྐྱབས་རྗེ་གར་དབང་རིན་པོ་ཆེ་མཆོག་གིས་ཕེབས་བསུ་དང་འདུས་མང་ནས་མཆོད་རྫས་ཐོགས་ནས་ཕྲེང་བསྒྲིགས་ནས་ཕེབས་བསུ་གཟབ་རྒྱས་གནང་བ་དང་དཔལ་ས་སྐྱའི་༸གོང་མ་༸ཁྲི་འཛིན་རིན་པོ་ཆེ་མཆོག་གིས་འདུས་མང་ལ་་རྟ་ཕྱག་ཁྱུང་གསུམ་གྱི་བཀའ་དབང་སྩལ་གནང་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*