ང་དང་པར་མཉམ་དུ་རྒྱག་པ་ཙམ་ལས་ངས་མཆོག་མཆན་སྤྲོད་པའི་ངེས་པ་མེད།

༧སྐྱབས་རྗེ་རྫོང་གསར་་བརྩེ་རིན་པོ་ཆེའི་གསུང་འཕྲིན།

     ༢༠༡༨།༡༡།༥

དོ་སྣང་ཡོད་རིགས་ལ་ཞུ་རྒྱུ།

མཁྱེན་གསལ་ལྟར་གནས་མཆོག་རྡོ་རྗེ་གདན་ལ་ང་ཚོས་རྩ་ཆེན་གྱི་དུས་ཚོད་ཅུང་ཟད་གཏོང་བར་ཉེ་ཡོད། ཕེབས་མཁན་རྣམ་པ་ལྷན་རྒྱས་ཚང་མས་གནས་མཆོག་ཁྱད་པར་ཅན་འདིར་བཞུགས་ཚེའི་རིང་དུས་ཚོད་འདི་ཧ་ཅང་གི་གོ་སྐབས་བཟང་པོ་རུ་ངོས་འཛིན་གནང་བྱེད། དུས་ཚོད་དམ་འཛིན་བྱེད་པའི་ཡིད་ཆེས་ཡོད།  དེ་རིང་དྲན་གསོའི་ཆེད་གསལ་བཤད་ཐུང་ངུ་ཞུ་རྒྱུ་ཞིག་ལ། མི་འགའ་ཤས་ཀྱིས་ངའི་ཆེད་དང་། ངའི་ཚབ་བྱེད་ནས་དགེ་རྩ་ཚོགས་པའམ། ཆོས་ཀྱི་བྱེད་སྒོའི་ཆེད་དུ་ཡིན་ཟེར་ནས་ཞལ་འདེབས་བསྡུ་རུབ་བྱེད་ཀྱི་ཡོད་པའི་སྐད་ཆ་གོ་རྒྱུ་འདུག སྤྱིར་གང་དང་ཅི་ཞིག་བྱེད་པར་འདོད་ནའང་སོ་སོ་སྒེར་ལ་རང་མོས་ཆ་ཚང་ཡོད་རེད་མོད། རྣམ་པ་ལྷན་རྒྱས་ཀྱིས་མཁྱེན་དགོས་པ་ཞིག་ལ་མཁྱེན་བརྩེ་ཐེབས་རྩ་ཚོགས་པ་དང་། བརྒྱད་ཁྲི་བཞི་སྟོང་ཚོགས་པ་དང་། དོན་ཀུན་འགྲུབ་པའི་དགོངས་པ་ཞེས་པའི་ཚོགས་པ་དང་། པདྨ་རོགས་རམ་ཚོགས་པ་གང་ཡང་རུང་བ་ཞིག་གིས་མོས་མཐུན་དང་རྒྱབ་སྐྱོར་ཡོད་ན་མ་གཏོགས་གཞན་གྱི་འགན་ང་ཚོས་རྩ་བ་ནས་ཁྱེར་གྱི་མེད།  དེ་བཞིན་དུ་ཁ་ཤས་ཀྱིས་ངའི་མཉམ་དུ་པར་རྒྱག་པ་བེད་སྤྱོད་བྱས་དེ་ཁོང་ཚོ་ལ་ང་ཡིས་ཞལ་འདེབས་བསྡུ་རུབ་བྱེད་པའི་ཆོག་མཆན་སྤྲད་སོང་ཟེར་བ་འདྲ་དང་། ང་ཚོའི་སྐུ་འདྲ་བཞེངས་ཀྱི་ཡོད་ཟེར་གྱི་ཡོད་སྐད་འདུག    དང་པོའི་ཉིད་ནས་ང་དང་མཉམ་དུ་པར་བཏབ་ནས་བེད་སྤྱོད་བྱེད་པ་ནི་གད་མོ་སློང་བའི་རྒྱུ་རེད། གཉིས་པ་ལ་ངའི་མཉམ་དུ་པར་བཏབ་པ་ཙམ་གྱིས་ནི་ངས་ཆོག་མཆན་ནམ་བཀའ་འཁྲོལ་སྤྲད་པ་དང་འབྲེལ་བ་ཁྱོན་ནས་ཡོད་མ་རེད།       ངའི་པར་སྟོན་ཅིང་ཆོག་མཆན་གནང་བའི་དཔང་རྟགས་ཚོལ་མཁན་ཞིག་འདུག་ནས། ང་ཚོས་ཚོད་དཔག་ཐུབ་པ་ཞིག་ཡོད་པ་ནི། ལས་འགུལ་དེའི་བསེང་ན་དྲི་ངན་འཐུལ་བའི་གནས་ཚུལ་ཞིག་ནང་དུ་འགྲོ་བཞིན་ཡོད་པར་ཤེས་ཐུབ།  དེ་དང་གཞན་ཡང་དྲན་བསྐུལ་ཞུ་རྒྱུ་ཞིག་ནི། ད་ལྟའི་དལ་རྟེན་འདི་ཆུད་ཟོས་སུ་མི་གཏོང་བ་དང་། ལྷག་པར་རྡོ་རྗེ་གདན་དུ་སྡོད་ཚེའི་རིང་དུས་ཚོད་རིན་ཐང་ཅན་འདི་ཆུད་ཟོས་སུ་མི་གཏོང་བའི་བློ་ཐད་རྦད་དེ་བཅད་དེ་འབད་བརྩོན་གནང་པར་ཞུ་རྒྱུ་དང་། ཚང་མར་ལེགས་ལམ་འོངས་བའི་སྨོན་འདུན་དང་བཅས། རྫོང་སར་མཁྱེན་བརྩེས།

༼མཆན།  དོན་ཀུན་གྲུབ་པའི་དགོངས་པའི་ངོ་དེབ་ལས་གཟི་བརྗིད་མཐའ་ཡས་ཀྱིས་བཤུས་ཤིང་བསྒྱུར་བཀོད་བྱས༽

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*