ཡུ་རོབ་སྨོན་ལམ་གོ་སྒྲིག་ཆེད་ཚོགས་འདུ་ཐེངས་གསུམ་པ།

ཟླ་ཤས་སྔོན་ནས་གོ་སྡུར་བྱུང་དོན་བཞིན། ཡུ་རོབ་དཔལ་ས་སྐྱའི་སྨོན་ལམ་གོ་སྒྲིག་ཆེད་ཚོགས་འདུ་ཐེངས་གསུམ་དེ་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༠ ཉིན་ཡུ་རོབ་རྒྱལ་ཁབ་བྷེལ་ཇམ་གྱི་ནང་དུ་ཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་ཡུ་རོབ་དཔལ་ས་སྐྱའི་སྨོན་ལམ་ཚོགས་པ་རྒྱལ་ཁབ་གང་ཞིག་གི་ནང་དུ་དེབ་སྐྱེལ་བྱེད་རྒྱུ་དང་། དེ་འབྲེལ་གྱི་ཚོགས་པའི་སྒྲིག་གཞི་བཅས་ཀྱི་སྐོར་ལ་གོ་སྡུར་ཡག་པོ་བྱུང་ཡོད་ཅིང་།

དེ་རིང་ཚོགས་འདུ་དེའི་ཐོག་དབུས་དཔལ་ས་སྐྱའི་སྨོན་ལམ་ཚོགས་པའི་དྲུང་ཆེ་བླ་མ་བསོད་ནམས་རིན་ཆེན་མཆོག་དང་། རྡོ་སྤྲུལ་སྐུ་རིན་པོ་ཆེ། ཡུ་རོབ་སྨོན་ལམ་ཚོགས་པའི་ཚོགས་གཙོ་བྱམས་པ་ལགས་དང་། ཚོགས་གཞོན་མཁན་པོ་བཀྲ་ཤིས་བཟང་པོ་ལགས། དེ་བཞིན་མཁན་པོ་ཐུབ་བསྟན་ཉི་མ་བཅས་ཀྱི་དབུས་ཡུ་རོབ་ཁུལ་གྱི་བརྩེ་ཆེན་ཚོགས་པ་ཁག་གསུམ་གྱི་སྐུ་ཚབ་རྣམས་དང་། དེ་བཞིན་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལྔ་ནས་ས་སྐྱའི་ཆོས་ཚོགས་ཁག་ཅིག་ནས་སྐུ་ཚབ་བཅས་ཁྱོན་ཚོགས་མི་སུམ་ཅུ་ལྷག་ཅིག་མཉམ་ཞུགས་གནང་ཡོད།

ཚོགས་འདུ་སྐབས་ཀྱི་ཉིན་གུང་དང་དགོང་མོའི་ཞལ་ལག་བྷེལ་ཇམ་བརྩེ་ཆེན་ཚོགས་པས་གོ་སྒྲིག་ཞུས་ཡོད་འདུག

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*