ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེ་སྨོན་ལམ་ཆེན་མོ་ཚོགས་འཆར་གྱི་ཚོགས་འདུ།

དེ་ཡང་བར་ལམ་ནས་ཡུ་རོབ་ཁུལ་གྱི་བརྩེ་ཆེན་ཚོགས་པ་དང་ས་སྐྱའི་ཆོས་ཚོགས་ཁག་ཐུན་མོང་ནས་གོ་སྡུར་བྱུང་དོན་བཞིན། ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེ་སྨོན་ལམ་ཆེན་མོའི་ཚོགས་པ་གསར་འཛུགས་དང་འབྲེལ་ཕྱི་ལོ་ ༢༠༡༩ ལོར་ཡུ་རོབ་ཀྱི་རྒྱལ་ཁབ་བྷེལ་ཇམ་གྱི་ནང་དུ་སྐབས་དང་པོའི་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེ་སྨོན་ཆེན་མོ་དངོས་སུ་ཚོགས་རྒྱུའི་ཐག་གཅོད་བྱུང་དོན་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༠ ཉིན་ས་གནས་སྦེལ་རྗན་རང་དུ་གོ་སྒྲིག་ཚོགས་འདུ་ཐེངས་གསུམ་པ་དེ་ཚོགས་འཆར་ཡོད་འདུག ། 

ཚོགས་འདུའི་ཐོག་དབུས་དཔལ་ས་སྐྱའི་འཇི་རྟེན་ཞི་བདེ་སྨོན་ལམ་ཚོགས་པའི་དྲུང་ཆེ་བླ་མ་བསོད་ནམས་རིན་ཆེན་མཆོག་ཆེད་ཕེབས་དང་། ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེ་སྨོན་ལམ་ཚོགས་པའི་རྒྱུན་ལས་རྣམས་དང་། ཡུ་རོབ་ཁུལ་གྱི་བརྩེ་ཆེན་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་ཡུ་རོབ་ཀྱི་རྒྱལ་ཁབ་སོ་སོར་ཡོད་པའི་དཔལ་ས་སྐྱའི་ཆོས་ཚོགས་ཁག་གི་སྐུ་ཚབ་བཅས་ཕེབས་ཀྱི་ཡོད་འདུག 

ཚོགས་འདུའི་ཐོག་གྲོས་གཞི་ཁག་སྣ་ཚོགས་ཐོག་གོ་སྡུར་བྱེད་རྒྱུ་ལས་གཙོ་བོ་ཚོགས་པ་དེ་བཞིན་རྒྱལ་སྤྱིའི་ཁྲིམས་མཐུན་གྱི་དེབ་སྐྱེལ་བྱ་རྒྱུའི་སྐོར་དང་། ཚོགས་པའི་སྒྲིག་གཞི་གསར་བཟོའི་དོན་ཚན་རེ་རེའི་ཐོག་ལ་གཏན་འབེབས་ཐག་གཅོད་བྱ་རྒྱུ། སྐབས་དང་པོའི་སྨོན་ལམ་ཚོགས་གནས་བཅས་ལ་གཟིགས་སྐོར་བྱ་རྒྱུ་སོགས་ཡོད་འདུག ། 

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*