༸གོང་མ་ཁྲི་ཆེན་མཆོག་གི་སྐུ་མདུན་དུ་གདོང་ཐོག་སྲས་མོ་མཆོག་མཇལ་བཅར།

༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་སྐུ་མདུན་དུ་གདོང་ཐོག་སྲས་མོ་མཆོག་མཇལ་བཅར་གནང་འདུག

སྔ་ལོ་༢༠༡༧/༡༠/༢༣ ཉིན་བདེ་བར་གཤེགས་པ་མཁས་དབང་གདོང་ཐོག་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་སྲས་མོ་ཚེ་རིང་མཆོག་གིས་སྣེ་ཁྲིད་འོག་ཨ་རིར་གནས་སྡོད་པ་གདོང་ཐོག་དགོན་པའི་གྲྭ་པ་དང་གྲྭ་བརྒྱུད་ཚོས་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ལ་ཆེད་དུ་མཇལ་བཅར་དང་སྦྲགས་བདེ་བར་གཤེགས་པ་གདོང་ཐོག་མཆོག་སྤྲུལ་ངག་དབང་ཐེག་མཆོག་བསྟན་པའི་རྒྱལ་མཚན་མཆོག་གི་སྐུ་གདུང་མཆོད་རྟེན་བཞེངས་ཚུལ་ཇི་ལྟར་དགོས་ཚུལ་ལམ་སྟོན་ཞུ་བ་དང་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ལམ་སྟོན་དང་ཕྱག་རྟགས་སྟོན་པ་ཐུགས་རྗེ་ཅན་གྱི་སྐུ་བརྙན་རྩ་ཆེན་ཞིག་གསོལ་རས་སྩོལ་གནང་འདུག ས་ག་ཟླ་བའི་ནང་དུ་གཞིས་ལུས་གདོང་ཐོག་དགོན་དུ་སྐུ་གདུང་མཆོད་རྟེན་གཟུངས་གཞུག་འབུལ་འཆར་དང་རབ་གནས་མཛད་སྒོ་ཞིག་འཚོགས་འཆར་བའི་གནས་ཚུལ་འཐོན་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*