༸གོང་མ་ཁྲི་ཆེན་མཆོག་དང་རྗེ་བཙུན་མ་རྣམ་གཉིས་ཨ་རིར་ཞལ་འཛོམས།

༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་རྗེ་བཙུན་མ་རྣམ་གཉིས་ཨ་རིར་ཞལ་འཛོམས་བྱུང་འདུག

ཁམས་གསུམ་འགྲོ་བའི་འདྲེན་མཆོག་རྩ་བའི་བླ་མ་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་དཔལ་བཟང་པོ་མཆོག་གིས་ཟླ་བ་ ༥ པའི་ཚེས ༢༡ ནས་དབུ་འཛུགས་གནང་ནས་དཔལ་ཟབ་ཆོས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་གནང་འཆར་ཆོས་བརྡ་གསལ་བསྒྲགས་སྔ་ཕྱི་གསུམ་ཙམ་དྲྭ་ལམ་དང་ངོ་དེབ་སོགས་སུ་ཁྱབ་སྤེལ་སྔོན་སོང་ལྟར་ད་རན་རྗེ་བཙུན་མ་ཀུན་དགའ་འཕྲིན་ལས་དཔལ་སྟེར་མཆོག་ཟབ་ཆོས་ལམ་འབྲས་གསན་ཕྱིར་ཆེད་ཕེབས་གནང་ནས་དེ་རིང་བྱང་ཨ་རི་ནིའུ་ཡོག་ཏུ་ཞབས་སོར་ལེགས་པར་འཁོད་པ་དང་དཔལ་ས་སྐྱའི་རྒྱལ་ཡུམ་ཆེན་མོ་མཆོག་ཨ་རིའི་གནམ་ཐང་དུ་ཆེད་བཅར་ཕེབས་བསུ་གནང་བ་དང་སྐྱབས་མཆོག་འཁོར་ལོའི་མགོན་པོ་མཆོག་དང་ཞལ་མཇལ་ལྷན་འཛོམས་བྱུང་གནང་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*