ཟས་རིགས་འདི་དག་འཁྱགས་སྒམ་ནང་འཇོག་མི་རུང་།

མི་ལ་ལས་ཟས་རིགས་ཡོད་ཚད་འཁྱགས་སྒམ་ནང་བླུགས་ཀྱི་ཡོད། དེ་ནི་ནོར་འཁྲུལ་ཡིན། གཤམ་གྱི་ཟས་རིགས་དག་འཁྱགས་སྒམ་ནང་འཇོག་མི་རུང་།


(ཞོག་ཁོག)

ཞོག་ཁོག་འཁྱགས་སྒམ་ནང་བཞག་ན་དྲོད་ཚད་དམའ་བས་ཞོག་ཁོག་གི་བྲོ་བ་མངར་མོར་འགྱུར་འགྲོ་གི་ཡོད།

(ངང་ལག)
ངང་ལག་ནི་དྲོད་ཚད་མཐོ་བའི་ཡུལ་གྱི་ཐོན་རྫས་ཡིན་ཞིང་། དྲོད་ཚད་དམའ་པོའི་འོག་ངང་ལག་གི་པགས་པ་ནག་པོར་འགྱུར་ལ་རུལ་མགྱོགས་པོ་ཡོད།

(ཀྲོ་མ་ཀྲུ།)
ཀྲོ་མ་ཀྲུ་འཁྱགས་སྒམ་ནང་བཞག་དྲགས་ན། ཀྲོ་མ་ཀྲུ་སྙི་མོར་འགྱུར་འགྲོ་བ་མ་ཟད་བྲོ་བའང་འགྱུར་ལ། ཐ་ན་རུལ་འགྲོ་གི་ཡོད།

(ཧོང་ཀྭ སོ་ལོ་སྔོན་པོ།)
འཁྱགས་སྒམ་ནང་དྲོད་ཚད་དམའ་བའི་རྐྱེན་གྱིས་ཧོང་ཀྭ སོ་ལོ་སྔོན་པོ་ཁ་མདོག་ནག་པོར་འགྱུར་འགྲོ་ལ། སྙི་མོར་འགྱུར་བ་དང་བྲོ་བ་ཡང་འགྱུར་འགྲོ་གི་ཡོད།

(མེན་པའོ།)
མེན་པའོ་སོས་པ་ཡག་ཤོས་བྱུང་ན་དུས་ཐོག་ཏུ་ཟ་དགོས་པ་ལས། འཁྱགས་སྒམ་ནང་བཞག་མི་རུང་། མེན་པའོ་སོས་པ་འཁྱགས་སྒམ་ནང་མཁྲེགས་གྱུར་དང་ངོ་བོ་འགྱུར་འགྲོ་གི་ཡོད།

(སྦྲང་རྩི།)
སྦྲང་རྩི་འཁྱགས་སྒམ་ནང་བཞག་ན། དྲོད་ཚད་དམའ་པོའི་འོག་སྦྲང་རྩི་རྡོག་སྒྲིལ་ནས་བཏོན་ཁག་པོ་ཡོད།

གཞན་ཡང་འཁྱགས་སྒམ་ནང་བཞག་མི་རུང་བའི་ཟས་རིགས་གྲས་སུ་ད་དུང་ཉ་སོས་པ་དང་། འབྲི་ཏ་ས་འཛིན། ཙོང་རིལ་སོགས་ཡོད་པ་རེད།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*