ཨ་རི་དབུས་གཙང་ཆོལ་ཁས་༸གོང་མ་ཁྲི་ཆེན་མཆོག་ལ་བརྟན་བཞུགས་དངོས་གཞིའི་བསྟར་འབུལ།

སྤྱི་ལོ་༢༠༡༨ ཕྱི་ཟླ་ ༤ ཚེས་༢༨ ཉིན་མོར་ཨ་རི་ནིའུ་ཡོག་ཏུ་བྱང་ཨ་རིའི་ས་གནས་དབུས་གཙང་ཆོལ་ཁ་ནས་༸དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པའི་བརྟན་བཞུགས་ཟབ་རྒྱས་ཤིག་འདེགས་འབུལ་ཞུས་གནང་ཡོད་པ་དང་། སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ནས་ས་གནས་དབུས་གཙང་མི་མང་རྣམས་ཀྱི་གཙོ་བོར་གྱུར་པའི་ས་གནས་མི་མང་རྣམས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་ཟབ་མོ་བཀའ་དྲིན་བསྩལ་གནང་མཛད་ཡོད། བརྟན་བཞུགས་མཛད་སྒོའི་སྐབས་ཀྱི་སྐུ་མགྲོན་གཙོ་བོ་རྡོ་རྗེ་སློབ་དཔོན་༸སྐྱབས་རྗེ་ཤྲི་རི་ཆུ་བཟང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བླ་སྤྲུལ་དགེ་བཤེས་མཁན་པོ་སོགས་སྐྱབས་གནས་འཕགས་ཚོགས་ཀྱི་སྡེ་རྣམས་དང་། བྱང་ཨ་རིའི་སྐུ་ངོ་དོན་གཅོད་མཆོག་དང་། བཀའ་བློན་ཁྲི་ཟུར་དང་། བཀའ་ཟུར་རྣམ་པ། དཔལ་ལྡན་བོད་མི་མང་སྤྱི་འཐུས་དྨ་ཕྱག་མཛོད་ཚང་ལགས་དང་། སྤྱི་ཟུར་རྣམ་པ། དབུས་གཙང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་མགྲིན་ཚབ་པ་སྐུ་ངོ་སྐལ་བཟང་ཚེ་རིང་མཆོག གཞུང་ཞབས་ཟུར་པ་རྣམ་པ། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོའི་དབུས་ས་གནས་ཀྱི་ཚོགས་པ་ཆེ་ཁག་ལྔའི་ཚོགས་གཙོ་དང་དེ་བཞིན་ཚོགས་སྐྱིད་ཁག་གི་ཚོགས་གཙོ་རྣམ་པ། ཆབ་སྲིད་བཙོན་ཟུར་རྣམ་པ་བཅས་དང་། དབུས་གཙང་ཁྱབ་ཁོངས་ཀྱི་ཚོགས་སྐྱིད་ཁག་གི་ཚོགས་གཙོ་དང་། གཞན་ཡང་རྒྱ་ཆེ་བའི་ས་གནས་ཀྱི་མི་མང་བཅས་མཉམ་ཞུགས་གནང་བར་འབྲེལ་ཡོད་ཡོངས་དང་། ས་གནས་མི་མང་རྣམ་པ། དྭང་བླངས་རྒྱབ་སྐྱོར་བ་རྣམ་པ་དང་། སྦྱིན་བདག་གནང་མཁན་ཡོངས། དེ་བཞིན་དབུས་གཙང་ཁྱབ་འོག་གི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་བཅས་ལ་བྱང་ཨ་རིའི་ས་གནས་དབུས་གཙང་ཆོལ་ཁའི་སྐབས་དང་པོའི་རྒྱུན་ལས་ཐུན་མོང་ནས་ཐུགས་རྗེ་ཆེ་གྲངས་མེད་ཞུ་བ་དང་བརྟན་བཞུགས་བསྟར་འབུལ་ལེགས་པར་གྲུབ་གནང་འདུག 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*