ས་སྐྱ་༸ གོང་མ་རྣམ་ལྔ།

༼ཕྱག་རྡོར་འགྲོ་བཟང་རྒྱུད་ལས།༽

འཇམ་དབྱངས་ལ་སོགས་བྱང་སེམས་ཐམས་ཅད་ཀྱི།།
ཐུགས་རྗེའི་བདག་ཉིད་འཁོན་གདུང་བསྟན་པ་ལ།།
“ཀུན་དགའ་སྙིང་པོ་”ནམ་མཁའི་སྒྲ་ཅན་ལྟར།།
འཛམ་གླིང་སྐྱབས་མགོན་ས་སྐྱ་པ་ཞེས་འབྱུང་།།


༼དོན་ཡོད་ཞགས་པའི་རྒྱུད་ལས།༽

འཇམ་དཔལ་བིར་ཝ་པ་དང་འཇིག་རྟེན་མགོན།།
མཚོན་ཚུལ་ཙམ་མིན་གཉིས་མེད་“བསོད་ནམས་རྩེ”།།
མདོ་རྒྱུད་ལས་མཁས་འབྱུང་བཞི་རང་དབང་ཐོབ།།
ཕུང་པོ་མ་བོར་མཁའ་སྤྱོད་འཇུག་པར་འགྱུར།།

 ༼རྒྱུད་ལས།༽

རིགས་གསུམ་ཞིང་ཁམས་མ་འོངས་གངས་ཅན་ན།།
“གྲགས་པ་རྒྱལ་མཚན་”རྒྱལ་བ་ང་ཉིད་ལྟར།།
རྒྱུད་བཞི་བཀའ་སྲུང་དམ་ཅན་བྲན་དུ་འཁོར།།
འཁོར་བ་དོང་ཀྲུག་རྒྱུད་ཀུན་མངའ་བདག་འབྱུང་།།

༼འཇམ་དཔལ་རྩ་བའི་རྒྱུད་ལས།༽

སྐྱེ་བ་དུ་མར་འཇམ་དབྱངས་རྗེས་བཟུང་ཞིང་།།
རབ་འབྱོར་སྤྲུལ་པ་“ཀུན་དགའ་རྒྱལ་མཚན་”ཞེས།།
འཆད་རྩོད་རྩོམ་ལ་ཐོགས་པ་མི་མངའ་བའི།།
རྩོད་ལྡན་དུས་སུ་ཟླ་མེད་ཡོངས་གྲགས་འབྱུང་།།

༼རྒྱ་ཆེན་གྱིས་ཞུས་པའི་མདོ་ལས།༽

དམར་སེར་པད་དཀར་ལག་ན་ཀུན་ཏུ་བཟང་།།
སྲིད་ཞི་འོད་ཟེར་གཅིག་བསྡུས་“འཕགས་པ་”གྲགས།།
རྒྱ་བོད་ཁྲི་སྐོར་བཅུ་གསུམ་བདག་བྱེད་འབྱུང་།།
རྒྱལ་བ་ཉིད་ལྟར་འཛམ་གླིང་ཆོས་སྒྲས་གང་།།

 

—རྩོམ་སྒྲིག་པ། མཐོ་སྒང་བུ་ཕྲུག
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་སྤྱི་སྟེགས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*