རྫོང་གསར་མཁྱེན་རིན་པོ་ཆེས་སྩལ་བའི་གསུང་འཕྲིན།

བརྩེ་ལྡན་གྱི་གྲོགས་པོ་གྲོགས་མོ་རྣམས་ལ་ཞུ་རྒྱུ།

རྣམ་པ་ལྷན་རྒྱས་ཐུགས་ཁྲལ་བྱེད་དགོས་པ་འདྲ་ཞིག་བཟོས་སོང་བས་དགོངས་དག་ཞུ་རྒྱུ་ཡིན། ལོ་མང་པོ་ཞིག་གི་རིང་དུ་གཅིན་ལྒང་རྩའི་རྨེན་བུ་ཞིག་ལ་མ་བདེ་བའི་དཀའ་ངལ་ཕྲན་བུ་ཡོད། དེས་ན་ད་ལྟའི་ཆར་དེ་ཉིད་བཤའ་བཅོས་བྱས་པ་ཡིན་པས་ད་ལྟར་ཧ་ཅང་གིས་དྲག་བསྐྱེད་ཡག་པོ་ཡོང་གི་ཡོད།

ཁྱེད་རྣམ་པས་ཐུགས་བསྐྱེད་དང་སྨོན་ལམ་བསྟུད་མར་གནང་བཞིན་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ལ། བཤའ་བཅོས་ཕྲན་བུ་བཟོ་དགོས་ཁེལ་བ་དེའི་རྐྱེན་པས་ཆོས་བཤད་ཀྱི་རིམ་པ་ཆེ་བ་རྣམས་གནས་སྐབས་རིང་ཕྱིར་འགྱངས་ཏོག་ཙམ་བཏང་དགོས་ཁེལ་སོང་། འོན་ཀྱང་ཐུགས་ཁྲལ་དགོས་པ་དེ་འདྲ་རྩ་བ་ནས་མ་རེད།
དེ་དང་དུས་མཉམ་དུ་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་ཤཀྱའི་རྒྱལ་པོ་དང་། གུ་རུ་པདྨ་འབྱུང་གནས་དང་། རྗེ་བཙུན་སྒྲོལ་མ་ལ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཡུན་དུ་གནས་ཐུབ་པའི་ཆེད་དུ་གསོལ་བ་ཐོབས། དེ་བཞིན་ང་དང་ང་འདྲ་བའི་གང་ཟག་ཞིག་གལ་སྲིད་འཚོ་ཞིང་བསྡད་པས་སངས་རྒྱས་ཀྱི་བསྟན་པ་ད་ལྟའི་ཆར་ཡོད་པ་འདི་ས་འདིའི་ཐོག་ལ་མུ་འཐུད་ནས་གནས་པར་ཉིན་གཅིག་གིས་ཡུན་ཚད་ཙམ་སྲིང་ཐུབ་པའི་ཞབས་འདེབས་འབྱོར་ཐུབ་ན་དེ་ནས་ཉི་མ་ཐེ་བ་རེ་གཟུགས་ཁམས་བདེ་གནས་ཐུབ་ནའང་དོན་སྙིང་དང་ལྡན་པ་རེད། །

༼ཉེ་རིང་གང་སར་ནས་རིན་པོ་ཆེའི་སྐུ་ཁམས་ལ་ཐུགས་ཁྲལ་གནང་མཁན་རྣམས་ཀྱི་ཆེད་དུ། རིན་པོ་ཆེས་སྩལ་བའི་གསུང་འཕྲིན་འདི་ཕྲན་གཟི་བརྗིད་མཐའ་ཡས་ཀྱིས་འཕྲལ་མར་བོད་བསྒྱུར་ཞུས་པ་ཡིན།༽

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*