དཔེ་བརྡ།

ད་ཐེངས་རྣམ་དཔྱོད་དགེ་བའི་གྲོགས་ཨ་འདུས་སྐལ་བཟང་རྒྱ་མཚོ་ལགས་ཀྱིས། དུས་ཡུན་རིང་པོའི་བར་ལ་དཀའ་བ་ཁྱད་བསད་དང་། ངལ་བ་ལྷུར་བླངས་ཀྱིས་འབད་འབུངས་བྱས་པའི་གྲུབ་འབྲས་སུ། ༸ ས་སྐྱ་གོང་མ་རིན་པོ་ཆེས་དབུས་པས་རིས་སུ་མ་ཆད་པའི་སྐྱེས་ཆེན་མང་པོས་རིགས་ཀྱི་བདག་པོར་བཀུར་བའི་སྐྱབས་རྗེ་བདེ་བར་གཤེགས་པ་<<བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེའི་རྣམ་ཐར་དད་པའི་འཇུག་ངོགས་>>ཞེས་པ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་པར་སྐྲུན་ཚན་པས་རྣམ་ཐར་དེབ་ཕྲེང་ཉི་ཤུ་པའི་ངོ་བོར་པར་སྐྲུན་ཞུས་ནས་སྤྱི་ཚོགས་སུ་འགྲེམས་ལ་ཉེ་ཡོད། དེབ་འདིའི་ནང་དོན་ལྕེ་བཙུན་གྱི་གདུང་གི་ཆེ་བ་དང་། ཁྲི་རིན་པོ་ཆེའི་སྐུ་ཕྲེང་ན་རིམ་གྱི་རྒྱ་ཆེ་བའི་མཛད་པ། ལྷག་པར་དུ་སྐུ་ཕྲེང་འདི་ཉིད་ཀྱི་མཛད་རྣམ་ཞིབ་རྒྱས་སུ་བྲིས་ཡོད་ཅིང་། དེ་ཡང་རང་རྣམ་སོགས་ལོ་རྒྱུས་ཡིག་ཆ་ཁག་དང་། ཞལ་བཞུགས་པའི་དངོས་སློབ་དག་ལ་བཀའ་འདྲི་སོགས་ཀྱིས་མཚོན་པས་ཁུངས་ལྡན་ཡིད་ཆེས་འཕེར་བའི་དཔེ་དེབ་འགང་ཆེན་ཞིག་ཏུ་མཐོང་། དེབ་འདི་ནི་དག་སྣང་དང་རྟོག་བཏགས་ཀྱིས་བཏུམ་པའི་ལྷ་སྒྲུང་ལྟ་བུ་མིན་པར་དཔྱད་ཐབས་ཀྱི་ལམ་ནས་ལོ་རྒྱུས་དངོས་བྲིས་ཀྱི་རང་བཞིན་ལྡན་ལ། ཆེ་བརྗོད་བསྟོད་ཚིག་གི་ལམ་ནས་བྲིས་པས་དད་པའི་བཅུད་མ་བོར་བར་རྣམ་ཐར་གྱི་ངོ་བོར་མཚོན་ཡོད་པ་བཅས་རྒྱ་ཆེ་བའི་ཀློག་པ་པོ་དག་སྤྱན་ལམ་དུ་མི་རིང་བར་འགྲེམས་སྤེལ་གྱི་བརྡ་སྦྱོར་དུ། ཉིད་ཀྱི་གྲོགས་གཡག་རྫིས།

༼དོན་གཉེར་ཅན་ཚོས་བོད་ཀྱི་དཔེ་མཛོད་ཁང་ནས་མངགས་ཉོ་བྱ་ཆོག༽

 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*