དམག་ཟོར་རྒྱལ་མོའི་འབུམ་ཚོགས།

 

ཕུན་ཚོགས་ཕོ་བྲང་གི་གདུང་སྲས་༸སྐྱབས་རྗེ་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང་གདུང་སྲས་ཨ་སངྒ་བཛྲ་རིན་པོ་ཆེ་མཆོག  དེ་བཞིན་དུ་གདུང་སྲས་ཨ་བྷ་ཡ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་ངོར་ཀླུ་ལྡིང་སྐུ་གཞོན་མཁན་རིན་པོ་ཆེ་མཆོག་དང་འཕགས་པའི་དགེ་འདུན་འདུས་ཚོགས་ཀྱིས་སྤྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༥ ནས་ཟླ་ ༣ ཚེས་ ༣ ཉིན་བར་འཛམ་གླིང་ནང་དུ་ནད་མུག་འཁྲུག་རྩོད་སོགས་རང་ས་ཞི་སྟེ་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པ་དང་། སྤྱི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་བྱེ་བྲག་ཏུ་ས་དཀར་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང།   ཐུབ་པའི་བསྟན་པ་རིན་པོ་ཆེ་ལ་ལྷག་བསམ་ཅན་ལ་ཆོས་དང་ཟང་ཟིང་གི་འབྲེལ་ཐོབ་ཀུན་གྱི་ཅི་བསམ་ཐམས་ཅད་ཆོས་བཞིན་དུ་འགྲུབ་པ་ལ་དམིགས་ཏེ། ཆོས་སྐྱོང་རྣམས་ཀྱི་བསྐང་བ་དང་འབྲེལ་དཔལ་ལྡན་དམག་ཟོར་རྒྱལ་མོའི་འཕྲིན་བཅོལ་འབུམ་ཚོགས་གསག་སྒྲུབ་ཟིན་པ་དང་། དེ་རིང་ནས་ཉིན་གཉིས་ཀྱི་རིང་བདག་ཅག་བསྟན་འགྲོའི་དཔལ་མགོན་བདེ་བར་གཤེགས་པ་ཕུན་ཕོ་༧སྐྱབས་མགོན་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་གདུང་རུས་ཚ་སྒྲུབ་གནང་བཞིན་པ་ལགས་སོ། 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*