ཐུབ་བསྟན་ཕུན་ཚོགས་ཀྱི་རང་གཤིས་ངོ་མ།

རྩོམ་པ་པོ་རིག་པའི་རྡོ་རྗེ།

རྣོ་བའི་རིགས་ལམ་གྱིས་དགག་བཞག་མེད་ཅིང་།།
དགོས་པའི་བཀའ་ལུང་གི་རྒྱབ་ལྗོངས་མེད་པ། །
རྒན་པོའི་ཨུ་ཚུགས་ཀྱི་འཆལ་གཏམ་དེ་ཚོ། །
དཔྱོད་ལྡན་མཁས་པ་ཡི་རྣ་བར་མི་འགྲོ། །

འགལ་འདུ་ཕྱོགས་ཞེན་གྱིས་རང་རྒྱུད་ཕྱུག་ཅིང་། །
བཀའ་བསྟན་དགོངས་དོན་དག་རྒྱབ་ཏུ་གཡུགས་ཏེ། །
བཟའ་ཟླ་མ་ནིང་གིས་མཐའ་ནས་བསྐོར་བའི། །
རྒན་པོའི་གཏམ་ཉོག་ལ་ཡིད་རྟོན་དཀའ་འོ། །

ཤ་དང་རུས་པ་ལ་ཆགས་ཞེན་བདོག་ན། །
རང་སྡེའི་སྲོག་འཛིན་གྱི་དགེ་སྦྱོང་དག་ལ། །
དྲིན་ལན་ལོག་འཇལ་གྱིས་ངོ་ཚའི་གཏམ་དེ། །
སྨྲ་བའི་སྤོབས་པ་དེ་རྒྱང་དུ་འདོར་རོགས། །

རིགས་པ་སྨྲ་བ་ཡི་དཔའ་བོའི་མདུན་དུ། །
རིགས་པའི་རྣམ་གཞག་ཙམ་མེད་པའི་རྒན་པོས། །
རིགས་ལམ་ལོག་བཤད་ཀྱི་ངན་ཚིག་དེ་ཚོ། །
རིགས་པའི་རྗེས་འབྲང་ཚོས་དགག་པ་སླ་འོ། །

ཁ་ལག་རྒྱབ་འགལ་གྱི་སྐད་ཆ་གང་བྱུང་།
ཁ་བའི་དྲྭ་ཚོམས་དུ་བརྗོད་པར་སླ་ཡང་། །
ཁ་ཞེ་མཐུན་པ་ཡི་བྱ་གཞག་མེད་པས། །
ཁ་སྤོར་སྣ་གསུམ་ལ་རྒྱ་གྲམ་རྒྱོབ་ཅིག །

ཨུ་ཚུགས་ང་རྒྱལ་གྱིས་མི་ཚེ་སྐྱེལ་ཞིང་། །
ལུས་ན་རློན་སྡུག་གི་དྲི་ངད་འཐུལ་བཞིན། །
རྐུབ་ན་མི་གཙང་བའི་རྟུག་དྲི་མོད་པའི། །
ཐུབ་ཕུན་མྱི་རྒན་གྱི་རང་གཤིས་ངོ་མ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*