གབ་ཚིག་མཐོང་བ་འཛུམ་ཤོར།

༡ གཟུགས་པོ་རིང་ཞིང་གྱོན་པ་སྔོན་པོ་གྱོན།།

གདོང་པ་སེར་ལ་ཉམས་དགའི་རྣམ་འགྱུར་ཅན།།

ཉིན་ལྟར་ཉི་མར་ཕྱོགས་ཏེ་གད་མོ་དགོད།།

བཏགས་པའི་འབྲས་བུ་དག་ནི་རྩིས་མི་ཚར།།

༼མེ་ཏོག་ཉི་དགའ༽

༢གཡག་གཅིག་ཐག་པ་བརྒྱ་ཡིས་བཏགས།༼སྦྲ༽

༣འཕུར་ནས་སླེབས་རྒྱུ་མེད་པ།  ༼དར་ཆ༽

༤དུས་བཞིའི་དབྱར་སྟོན་བཙལ་མཁན་མ།༼སྦྲང་མ༽

༥མདའ་མ་འཕངས་ལུང་བ་མདེའུ་ཡིས་བཀང་།༼སྡོང་བོའི་ལོ་མ་ལྷུང་བ༽

༦རྡོ་སྔོ་ལེབ་ཐོག་གི་རྡེའུ་ཁྲ་ལེབ།༼སྐར་མ༽

༧བན་དེ་གཟན་ཤམ་དམར་པོ་ཅན།།ཁོག་ན་ཤིང་གི་གྲོད་པུ་ཅན།།

༼ཁམ་བུ་རག་ཤ༽

༨བྲག་གི་ར་མ་སྔོ་རིས་མ།།ལྷུང་ལ་ཡོད་ཀྱང་ལྷུང་རྒྱུ་མེད།།༼ཟྭ༽

༩འགྲོ་དུས་ཟུར་གྱིས་འགྲོ།འདུག་དུས་ལེབ་ཀྱིས་འདུག  ༼གཏུབ་གྲི༽

༡༠ཙན་དན་སྡོང་བོའི་རྩེ་མོ་ནས།།

གཡུ་འབྲུག་སྔོན་མོས་འཁྱུག་འགྲོས་བྱེད།།༼བདུག་སྤོས༽

༡༡བྱུ་རུ་དམར་པོའི་སྒམ་ཆུང་ནང་།།

གསེར་གྱི་དོང་ཙེ་བརྒྱ་ཡིས་བཀང་།།༼ཁ་ཚ༽

༡༢ཁ་ནས་འཐུང་སྟེ་ཁ་ནས་བཏང་།༼སྨྱུ་གུ༽

༡༣ཤིང་སྡོང་གཅིག་ལ་བུ་ག་དགུ   ༼གླིང་བུ༽

༡༤སྐེད་པ་ཉག་ལ་རྡོ་རྗེ་རྒྱལ། ༼གྲོག་མ༽

༡༥རྐང་ལག་མེད་པའི་གནམ་ལྡིང་མ།༼ལྒང་ལི༽

༡༦འགྲམ་ཡས་མེད་པའི་རྩྭ་གཟན།༼ཟོར་བ༽

༡༧རྟ་ར་ར་རྒྱ་ཕིབས་སེར་པོ་ཅན།༼ཞོ༽

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*