རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་བཀའ་སློབ།

ང་རང་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྲིད་དུ་ངོས་འཛིན་བྱས་པ་རེད། དེ་བས་རང་ཉིད་ལ་ནུས་པ་ཡོད་མེད་གང་གི་ཐད་ལ་ཐུག་ན་ཡང་གྲུབ་མཐའ་རིས་མེད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད་བསམ་བཞིན་ཡོད། འཛམ་གླིང་ཐོག་ཏུ་ནང་བསྟན་ཆོས་ལུགས་དང་གཞན་མིན་གྱི་ཆོས་ལུགས་ཐམས་ཅད་ཕྱོགས་རིས་ངང་ཆགས་འདུག་ལ། གྲུབ་མཐའ་རིས་མེད་ཀྱི་ལས་འགུལ་དེ་རིམ་བཞིན་ཉམས་རྒུད་དུ་འགྲོ་བཞིན་འདུག  ཁམས་བོད་ས་ཆའི་རྫོང་སར་དགོན་གྱི་མཁན་པོ་ཕུན་ཚོགས་རྣམ་རྒྱལ་ནི་ང་དང་གྲུབ་མཐའ་རིས་མེད་ཀྱི་སྐོར་ལ་བསམ་བློ་བརྗེ་རེས་བྱེད་པའི་ཉུང་ཤེས་ནང་གི་མི་གཅིག་རེད། མཁན་པོ་ཕུན་ཚོགས་རྣམ་རྒྱལ་ནི་ད་རུང་ལོ་ན་ཆུང་བས་ངས་ཁོང་ལ་རེ་བ་ཆེན་པོ་འཆང་ཡོད། ཁྱེད་ཚོ་མཁན་པོ་ཁོང་དང་ཁ་བརྡ་བྱེད་པ་དང་འབྲེལ་བ་བཟང་པོ་ཆགས་པར་ངས་སྐུལ་མ་གཏོང་ཡིན། ཁོང་རང་གྲོགས་པོ་བཟང་པོ་ཞིག་ཏུ་བརྩི་ཆོག  ངེས་པར་དུ་དགེ་རྒན་དུ་བརྩི་དགོས་མ་རེད། དུས་བཟང་སྐལ་བཟང་དང་འཕྲད་ཚེ། ཁོང་དང་འབྲེལ་བ་བྱེད་ན་ཁྱེད་ཚོ་ལ་འགྱོད་པ་མི་ཡོང་ང་རང་གིས་ཁག་ཁུར་ཆོག
࿐རྫོང་སར་མཁྱེན་བརྩེས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*