ཨ་རིར་ས་སྐྱ་སྨོན་ལམ་ཚོགས་རྒྱུ།

སྤྱི་ལོ་༢༠༡༧ སྤྱི་ཟླ་ ༩ ཚེས་༢༡ ནས་༢༤ བར་བྱང་ཨ་རིའི་གདན་ས་བརྩེ་ཆེན་ཀུན་ཁྱབ་གླིང་དུ་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དབུ་བཞུགས་ཐོག་བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་དང་པོ་ཚོགས་རྒྱུ་ཡིན་འདུག

མ་ཟད་དེའི་ཉིན་མོར་བོད་ཟླ་བརྒྱད་པའི་བོད་ཚེས་གཅིག་ཉིན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཡིན་སྟབས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་སློབ་འབངས་ཡོངས་ནས་བཀའ་དྲིན་རྗེས་དྲན་དང་བརྟན་བཞུགས་རྒྱས་པར་ཞིག་འབུལ་རྒྱུ་ཡིན་འདུག

གནས་ཚུལ་རྒྱས་པ་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོའི་དྲ་ཚིགས་ལ་གཟིགས་རོགས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*