མཁན་ཆེན་ཨ་པད་མཆོག་གི་གདམས་ངག

     མཁན་ཆེན་ཨ་པད་རིན་པོ་ཆེ།

ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན། ཅེས་རྟག་པར་སེམས་བདེ་པོ་བྱེད་དགོས་ཀྱི་རེད། སེམས་མ་བདེ་བ་བྱེད་རྒྱུ་ཡོད་མ་རེད། རྐྱེན་ངན་འདྲ་པོ་ག་རེ་བྱུང་ན་ཡང་བློ་སྦྱོང་གི་ཐོག་ནས་ཉམས་སུ་ལེན་ཐུབ་བསམ་ནས་ཡིད་བདེ་བྱ་དགོས་གསུངས་པ་རེད། སྤྱིར་བཏང་ཐེག་པ་ཆེན་པོའི་ཆོས་ཀྱི་འགལ་ཟླ་ཆེ་ཤོས་ནི་ཞེ་སྡང་རེད། དང་པོ་རྒྱུ་མཚན་ཆུང་ངུ་འགའ་ཞིག་ལ་བརྟེན་ནས་ཡིད་མི་བདེ་བ་འབྱུང་གི་ཡོད་པ་རེད།  དེས་ན་ཁོང་ཁྲོ་བཀག་དགོས་ན། དང་པོ་ཡིད་མི་བདེ་བ་དེ་བཀག་དགོས་ཀྱི་རེད། སྤྱོད་འཇུག་ལས། ཅི་ལ་བབས་ཀྱང་བདག་གིས་ནི། །དགའ་བའི་ཡིད་ནི་དཀྲུགས་མི་བྱ། །
ཞེས་གསུངས་པ་ལྟར་ཡིན། བཀའ་གདམས་པའི་གསུང་ཞིག་གི་ནང་ལ། དགེ་བཤེས་དེ་ལ་ན་ཚ་ཡོད་རེད་ཟེར་ལབ་ན། དེ་སྐྱོན་ཡོད་པ་མ་རེད། འོན་ཀྱང་དགེ་བཤེས་དེ་ཐུགས་བདེ་པོ་མི་འདུག་ཟེར་ན་དེ་ནི་ཉམས་ལེན་མེད་པའི་རྟགས་རེད་གསུངས་པ་རེད། དེ་བས་ན་བློ་བདེ་པོ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན། བདེ་བ་བྱུང་ན་ཡང་བདེ་པོ་བྱས། སྡུག་བསྔལ་བྱུང་ན་ཡང་བདེ་པོ་བྱས། བསྟོད་པ་བྱུང་ན་ཡང་བདེ་པོ་བྱས། སྨད་པ་བྱུང་ནའང་བདེ་པོ་བྱས། དེ་ལྟར་བློ་བདེ་པོ་བྱུང་ན་བློ་འབྱོངས་ཐུབ་པ་རེད།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*