འཇམ་མགོན་ས་སྐྱ་པཎ་ཆེན།

                        སོལ་སྒྱེ།/སྡེ་དགེ

རྒྱལ་བ་སྲས་བཅས་ཚོགས་ལ་ཕྱག་འཚལ་ནས། །

རྒྱལ་ཀུན་ཡབ་གཅིག་ས་པཎ་འདས་མཆོད་ཉིན། །

རྒྱལ་ཁམས་སེམས་ཅན་ཐམས་ཅད་བདེ་སླད་དུ། །

རྒྱལ་བསྟན་དར་བའི་སྙན་ཚིག་དེ་རིང་སྤྲོ། །

རབ་མཛེས་ཁ་བ་ཅན་གྱི་ཡུལ་ལྗོངས་སུ། །

རབ་མང་བློ་གསལ་གཞོན་ནུའི་སྐྱབས་གཅིག་པུ། །

རབ་འབྱམས་རྒྱལ་བའི་ཡེ་ཤེས་འཇམ་དཔལ་དབྱངས། །

  རབ་དད་འགྲོ་བའི་སྐྱབས་མགོན་ས་སྐྱ་པ། ། 

ས་བཅུ་དབང་ཕྱུག་སྨྲ་བའི་སེང་གེ་དེས། །

ས་ཆེན་བོད་རྒྱ་ཧོར་སོག་སྐྱབས་མེད་ལ། །

ས་སྐྱའི་ལེགས་བཤད་ལ་སོགས་མཛད་གནང་ནས། །

ས་སྟེང་འགྲན་ཟླ་བྲལ་སོང་ས་སྐྱ་པ། །

རབ་རབ་སྐྱེ་བ་ཉི་ཤུ་རྩ་ལྔའི་བར། །

ལེགས་ལེགས་རབ་གྲི་ཅན་གྱིས་རྗེས་བཟུང་ནས། །

ཟབ་ཟབ་བཟོ་གསོ་སྒྲ་ཚད་ནང་དོན་རིག །

མཛེས་མཛེས་ཁོང་དུ་ཆུད་པའི་ས་སྐྱ་པ། །

བདག་དང་མཐའ་ཡས་འགྲོ་བ་མ་ལུས་ཀུན། །

དུས་གསུམ་བསགས་པའི་དགེ་བ་ཇི་སྙེད་ཀུན། །

རྒྱལ་བསྟན་དར་ཞིང་འགྲོ་རྣམས་བདེ་བ་དང་། །

ཁྱད་པར་ས་སྐྱའི་བསྟན་པ་རྒྱས་གྱུར་ཅིག །

གངས་ཅན་མཁས་གྲུབ་ཀུན་གྱི་གཙུག་རྒྱན་དམ་པ་འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་དགོངས་པ་དབྱིངས་སུ་བཤེགས་པའི་དུས་ཆེན་ཉིན།  2017/1/11

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*