མི་ཚེའི་ཁ་དོག

མེ་ཆར། ཡུལ་ཤུལ།

མི་ཚེ་ནི
ཀྱག་ཀྱོག་གི་ཁུགས་སོ་མང་ཞིང་མཛེས་སྡུག་ལྡན་པའི་ཡུལ་སྐོར་ཐེངས་གཅིག་ཡིན།
དེ་ནི་ཆེས་སྙན་ཞིང་འཇེབས་པའི་རོལ་དབྱངས་ཞིག་དང་འདྲ་བར་དབྱངས་རྟ་མང་པོས་གྲུབ་ཅིང་།
ལོ་རྒྱུས་ཀྱི་ཁུགས་སོ་རེ་རེེར་བརྩེ་དུང་དང་གཏམ་རྒྱུད་སྣ་ཚོགས་ཤིག་གིས་གྲུབ་ཡོད།

མི་ཚེ་ནི
དགའ་སྐྱོ་གཉིས་ལྡན་གྱི་མཉམ་སྒྲོག་རོལ་དབྱངས་ཐེངས་གཅིག་ཡིན་ཞིང་།
དེའང་ཕུན་སུམ་ཚོགས་པའི་ཉམས་ལེན་ཐེངས་གཅིག་གི་བརྒྱུད་རིམ་ཞིག་ཀྱང་ཡིན།
བརྒྱུད་རིམ་འདི་དག་གི་ཁྲོད་དུ་ངས་དགའ་བ་དང་སྐྱོ་བ། འཛོམས་པ་དང་བྲལ་བ། དྲན་གདུང་དང་མིག་ཆུ།
ད་དུང་འཚོ་བའི་མཛེས་སྡུག་དང་དུས་ཚོད་ཀྱི་རིན་ཐང་སོགས་རྟོགས་ཐུབ་པ་བྱུང་།

མདོར་ན།
ང་ཚོའི་མི་ཚེའི་རི་མོ་ནི་ཁ་དོག་སྣ་ཚོགས་ཀྱིས་གྲུབ་པ་ཞིག་ཡིན་ལ།
རྙོག་འཛིང་ཆེ་ཞིང་སྤུས་དག་པའི་རི་མོ་ཞིག་དང་འདྲ་བར། མི་ཚང་མ་ནི་རང་ཉིད་ཀྱི་ལས་དབང་གི་རི་མོ་བ་ཡིན།
དེ་དག་གིས་ང་ཚོའི་འདས་ཟིན་པ་ཟིན་ཐོར་བཀོད་པ་དང་། མ་འོངས་པའང་སྔོན་བརྡ་གཏོང་བཞིན་ཡོད།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*