སྒྲ་རྒྱན་ངག་གི་རོལ་མོ།

དགེ་གྲྭ་རྒྱལ། ལྕང་མ་སྒར།

སྙ༵ན་པའི་དབྱངས་ལ་ཕྱུག་པའི་སྙ༵ན་མཛོད་མ། །
ང༵ག་གི་བདེ་ཕྱགས་དཔལ་མོ་ང༵ག་མཁས་མ། །
མཁ༵ས་པའི་ཚུལ་ལ་རྩེ་མའི་མཁ༵ས་དབང་མས། །
སྙ༵ན་ང༵ག་མཁ༵ས་པའི་ས་བོན་ད་ཅིག་གནོང་། །

རྒྱ༵ལ་བ་རྒྱ༵ལ་སྲ༵ས་སྲ༵ས་བཅས་ཚོགས་རྣམས་ལ། །
ད༵ད་དང་ད༵ད་སེ༵མས་སེ༵མས་ཀྱི་སྲས་བཅས་རྣམས། །
བད༵ག་གིས་བད༵ག་ཡི༵ད་ཡི༵ད་གསུམ་ཞབས་གུས་ལ། །
བྱ༵ང་ཆུབ་བྱ༵ང་སེ༵མས་སེ༵མས་བསྐྱེད་བྱིན་གྱིས་རློབས། །

སྙ༵ན་སྙ༵ན་ཚངས་སྲས་རྔ་སྒྲ་ཐོས་འཚོལ་ནས། །
མཛེ༵ས་མཛེ༵ས་ལྷ་མོའི་སྐུ་གཟུགས་མཇལ་ཐོང་ན། །
དག༵འ་དག༵འ་སེམས་ཀྱི་དགའ་སྤྲོ་རབ་འཕེལ་ནས། །
འགྲུ༵བ་འགྲུ༵བ་སེམས་ཀྱི་ཕུགས་འདུན་འགྲུབ་ལེ་ཡིན། །

བརྩེ༵་བའི་བརྩེ༵་བ་འདུན་ནས་དགའ་མ་བརྩེ༵། །
བརྩེ༵་བའི་བརྩེ༵་དུང་འགྱུར་མེད་ད་རུང་བརྩེ༵། །
བརྩེ༵་བའི་བརྩེ༵་ལྡན་སྙིང་གི་མ་མ་བརྩེ༵། །
བརྩེ༵་བ་བརྩེ༵་བས་གསོ་ནས་བརྩེ༵། །

དག༵འ་དག༵འ་ངག་གི་དཔལ་ཡོན་ངོམ་ན་དག༵འ། །
དག༵འ་དག༵འ་ལྷ་མོ་སྐུ་གཟུགས་མཇའ་ན་དག༵འ། །
དག༵འ་དག༵འ་ཚངས་སྲས་མ་ཡི་ཡོད་ཚད་དག༵འ། །
དག༵འ་དག༵འ་མཛེས་ངག་ཆ་ཡི་ཀུན་ལ་དག༵འ། །

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*