འཛུམ་པའི་བུ་མོ།

དབྱངས་ཞི་བ། སི་ཁྲོན།

གལ་སྲིད ལྷ་དང་ཀླུ་ཟེར་བ་ཞིག་ཡོད་ན
ང་ཚོས་མཐོང་ཆོག་ཆོག་ཡིན་མོད
ཡིན་ཡང གོ་ཐོས་ལས་ཅི་ཡང་མ་བྱུང
འདི་དག་ནི་སེམས་ཀྱི་འཛིན་ཚུལ་ཙམ་ཡིན་པར་སྣང

གལ་སྲིད ང་ཚོས་མཐོང་ན
ཁོ་ཚོ་ལ་དམིགས་གསལ་གྱི་ཆེད་བ་ཡོད་དམ
གནའ་མི་ཚོས་བཤད་པ་ལྟར
བལྟ་བའི་ཆོག་མི་ཤེས་པ་ཡིན་ནམ
རྫུ་འཕྲུལ་ཐོག་པ་མེད་ལ
གཟུགས་དེ་མཁའ་དབྱིངས་དྭངས་མ་ཞིག་དང་མཚུང་ངམ
མཛེས་སྡུག་ཡིད་དུ་འོང་ལ
སྐད་ངག་སྙན་འགྱུར་གསོན་པོ་ཞིག་ཡིན་ནམ

མདང་ནུབ་ངས་བྱིས་སྒྲུང་ཐུང་ཐུང་ཞིག་ཀླག་པ་ཡིན
དེའི་ནང་དུ་གསལ་པོ་གསལ་རྐྱང་ངང་ནས
ལྷ་ཀླུ་གཉན་གསུམ་ཡོད་ཆོག་ཆོག་འདྲ་བོ་ཞིག་བཤད་འདུག
ད་དུང་ཀླུ་མོ་ཞིག་དང་སྐྱེས་བོ་ཕལ་བ་ཟིག་གི
བརྩེ་བའི་གཏམ་རྒྱུད་བཅོས་མ་ཞིག་ཅིང་ཡོད་ཚོད་རེད
འདི་ཡང་སྒྲོ་བཏགས་ཡིན་ནམ་དོན་དངོས་ཡིན

ངས་རང་གི་འཛིན་ཚུལ་ལྟར་དུ
སེམས་ཀྱི་ཟབ་ས བརྩེ་བ་འཁོར་ས
རྨི་ལམ་འཁྲི་ས དུང་ཞེན་ཆེ་ས
རྣམ་ཤེས་ཐིམས་ས དགའ་སྡུག་གླེང་ས
དུས་རབས་གསར་རྙིང་གི་ཁྲོད་དུ་སེམས་ཁུར་བྱེད་མི
ཕྱི་རོལ་འཁོར་ཡུག་ཁྲོད་དུ་འཚོ་བ་གླེང་མི
འདི་ལྟར་ཡིད་ལ་སིམ་པའི་མ་སྐྱེས་ཨ་མ་ཞིག་ལ
ལྷ་མོ་ཟེར་བར་སྣང་གིན་ཡོད
དཔེར་ན ཟེགས་མ་ནག་མོའམ་འཛུམ་པའི་བུ་མོ་ཁྱོད

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*