རྡོར་གདན་ས་སྐྱའི་སྨོན་ལམ་དང་མཛད་འཆར་ཁག་སྙིང་བསྡུས།

སྤྱི་ལོ ༢༠༢༣། ༡༢། ༢༥ དང་བོད་ཚེས་ ༡༤ ཆོས་ཀྱི་རྗེ་འཇམ་དབྱངས་བླ་མ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་དགོངས་རྫོགས་དུས་ཆེན་ཁྱད་པར་ཅན་ཉིན་གནས་མཆོག་རྡོ་རྗེ་གདན་དུ་སྔ་དྲོ་དཔལ་ས་སྐྱའི་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་རྟེན་གཙོ་ཐུབ་དབང་སྟོན་པ་རིན་པོ་ཆེར་ཞལ་གསེར་སྒྲོན་འབུལ་གནང་རྗེས་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས་སོ་གཉིས་པའི་ཚོགས་མགོན་དུ་དབུ་བཞུགས་བཀའ་དྲིན་བསྐྱངས་གནང་མཛད་གནང་འདུག

སྤྱི་ལོ ༢༠༢༣།༡༢།༢༢ ཉིན་གནས་མཆོག་རྡོ་རྗེ་གདན་དཔལ་ས་སྐྱའི་གཙུག་ལག་ཁང་བརྩེ་ཆེན་ཐེག་གསུམ་ཆོས་འཁོར་གླིང་དུ་དཔལ་ས་སྐྱའི་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ཞེ་གསུམ་པ་རྣམ་གཉིས་དབུ་བཞུགས་ཐོག་དགེ་བཙུན་འདུས་ཚོགས་ནས་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་དང་བདེ་བར་གཤེགས་པ་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་དགོངས་རྫོགས་དུས་མཆོད་སྲུང་བརྩི་ཞུས་འདུག

སྤྱི་ལོ་༢༠༢༤ ཟླ་ ༡ ཚེས་ ༦ ཉིན་གནས་མཆོག་རྡོ་རྗེ་གདན་ས་སྐྱ་ཐེག་གསུམ་ཆོས་འཁོར་གླིང་གཙུག་ལག་ཁང་དུ་དཔལ་ས་སྐྱའི་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ཞེ་གཉིས་པ་མཆོག་གི་ཞལ་སྔ་ནས་རྡོ་རྗེ་ཕྲེང་བའི་བཀའ་དབང་ཁག་དང་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ཞེ་གསུམ་པ་མཆོག་གི་ཞལ་སྔ་ནས་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་ཁག་དབུ་འཛུགས་བཀའ་དྲིན་བསྐྱངས་གནང་འདུག

སྤྱི་ལོ། ༢༠༢༤ ཚེས། ༣ དང་བོད་ཚེས་ ༢༢ ཉིན་འགྲོ་མགོན་ཆོས་རྒྱལ་འཕགས་པ། སྡེ་གཞུང་ཨ་འཇམ་རིན་པོ་ཆེ། མཁན་ཆེན་བདེ་བར་གཤེགས་པ་ཨ་པད་རིན་པོ་ཆེ་བཅས་ཀྱི་དགོངས་རྫོགས་དུས་ཆེན་གསུམ་འཛོམས་ཁྱད་པར་ཅན་སྲུང་བརྩི་ཞུས་པ་དང་སྦྲགས་འཇིག་རྟེན་ཞི་བདེའི་དཔལ་ས་སྐྱའི་སྨོན་ལམ་ཆེན་མོ་སྐབས་སོ་གཉིས་པ་བཀྲིས་ཕུན་སུམ་ཚོགས་པའི་ངང་ནས་ལེགས་པར་བསྒྲུབས་གནང་བ།

སྤྱི་ཚེས ༣ ཉིན་དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭ་དང་བལ་ཡུལ་ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་གཉིས་ཀྱིས་གོ་སྒྲིག་འོག་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་གཙོས་བསྟན་བདག་བླ་ཆེན་རྣམ་པ་དང་དགེ་འདུན་འདུས་པ་རྒྱ་མཚོ་ནས། སྐྱབས་རྗེ་བདེ་བར་གཤེགས་པ། ཡོངས་འཛིན་དགེ་བའི་བཤེས་གཉེན་མཁན་ཆེན་ཨ་པད་རིན་པོ་ཆེའི་དགོངས་རྫོགས་དུས་ཆེན་གནས་མཆོག་རྡོ་རྗེ་གདན་ནས་སྲུང་བརྩི་གནང་འདུག

སྤྱི ལོ  ༢༠༢༤ ཟླ་ ༡ ཚེས་ ༡༤ ཉིན་རྒྱབ་དཔལ་ས་སྐྱའི་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་དུ་གནས་གཟིགས་དང་རྟེན་གཙོ་ཐུབ་དབང་སྐུ་མདུན་དུ་སྨོན་ལམ་གསོལ་འདེབས་གནང་བ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*