༧གྲུབ་ཆེན་དཔལ་ལྡན་བིར་ཝ་པའམ་ཆོས་སྐྱོང་ཆེན་པོ།

རྒྱལ་སྲིད་སྤངས་ནས་དཔལ་ལྡན་ན་ལནྡཱར།།

གཞི་ཀུན་ཡོད་སྨྲའི་སྡ་ེལས་རབ་ཏུ་བྱུང་།།

གཞུང་ལུགས་རབ་འབྱམས་རྒྱ་མཚོའི་ཕ་རོལ་སོན།།

གནས་བསྟན་ཆོས་སྐྱོང་ཞབས་ལ་གུས་པས་འདུད།།

ཞེས་མཆོད་པར་བརྗོད་ནས་གང་གླེང་བར་བྱ་བ་ནི།   ཆེས་ངོ་མཚར་རྨད་དུ་བྱུང་བའི་རང་བྱུང་གི་རྡོ་ལས་གྲུབ་པའི་རྣལ་འབྱོར་པའི་སྐུ་བརྙན་འདི་ནི།   བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌུ་ལ།  ལོ་རྒྱུས་ཤིན་ཏུ་རིང་ཞིང་བྱིན་རླབས་ཀྱི་མཚན་ཁ་མ་ཉམས་པ་འཕགས་པ་ཤིང་ཀུན་མཆོད་རྟེན་གྱི་ཤར་ཕྱོགས་དང་།   སྙན་གྲགས་དང་གཟི་བརྗིད་ལྡན་པའི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ལྷོ་ནུབ་ཕྱོགས་ལམ་ཐག་མི་རིང་བ་ཞིག་ན།  རྒྱ་གར་ཧིན་དུ་ཆོས་ལུགས་ཀྱི་གནས་ཆེན།  པ་སི་པ་ཏི་ཞེས་པ་གཙུག་ལག་ཁང་ཁ་ཤས་དང་།   དེ་ལ་དངུལ་སོགས་ཀྱི་སྒོ་རྒྱན་སྤྲས་པའི་བརྗིད་ཉམས་ལྡན་པ།   དེའི་ནང་ལ་འཇིག་རྟེན་བྱེད་པོའི་དབང་ཕྱུག་གི་ལྷ་རྟེན་དང་ལི་ལས་གྲུབ་པའི་སྐུ་བརྙན་བཅས་རྟེན་གཙོ་ཁག་བཞུགས།   དེ་ཡིས་ཤར་ཕྱོགས་ནས་ཆུ་ཆེན་ཞིག་ནུབ་ཕྱོགས་ལ་འགྲོ་བཞིན་ཡོད་པས་དེ་ཡིས་འགྲམ་ལ་རོ་སྲེག་ནས་ཐ་ལ་ཆུ་ལ་བསྐྱུར་གྱི་ཡོད།   གཙུག་ལག་ཁང་དེའི་ཤར་སྒོའི་གཡོན་ཕྱོགས་དང་ཆུ་བོ་དེའི་འགྲམ་ལ་རྡོ་བཟོ་ལས་གྲུབ་པའི་ཁང་ཆུང་མཛེས་ལྡན་ཞིག་གི་ནང་ལ་འདི་ཡིས་སྐུ་བརྙན་དེར་བཞུགས་ཡོད་པས།   དེ་ཡོད་ཀྱི་ལས་གཉེར་བ་དག་གི་འདི་གྲུབ་ཆེན་བི་རུ་པ་ཡིན་པ་དང་།  རང་བྱུང་གིས་ས་ནས་ཐོན་པ་ཡིན་པ་གསུངས།   བཤད་སྲོལ་ལ་སྐུ་ཆ་ཚང་གོང་ལ་མངོན་པ་ཡིན་ན་ཧིན་དུ་ཆོས་ལུགས་མེད་པར་འགྲོ་བའི་ལྟས་ཡོད་པ་ཡིན་ཞེས་བཤད་སྲོལ་ཡང་སྣང་།   གང་ལྟར་ཡང་རང་བྱུང་གི་རྡོ་སྐུ་འདི་ཡིས་བསྐོར་ལ་མཁྱེན་རབ་དང་ལྷག་བསམ་ལྡན་པའི་དཔྱད་ལྡན་གྱི་གང་ཟག་རྣམས་ནས་ཞིབ་དཔྱད་ནན་གཏན་གནང་རོགས་ཞེས་གངས་རིའི་ལྷ་སྲས་པས་གསོལ་བ་འདེབས་པ་ལགས་སོ།།  །། གཞན་ལས་བཤུས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*