༧དཔལ་ས་སྐྱའི་བླ་ཆེན་རྣམ་པའི་མཛད་འཕྲིན་ཁག་སྙིང་བསྡུས།

བོད་རྒྱལ་ལོ་༢༡༥༠ རབ་གནས་མཆུ་ཟླའི་ཡར་ཚེས་༥ འགྲུབ་སྦྱོར་དགེ་བའི་ཉིན། ༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་རྡོ་རྗེ་སློབ་དཔོན་བཀྲིན་བསྐྱངས་ཐོག  ཁྲི་འཛིན་རིན་པོ་ཆེ་རྣམ་གཉིས་ཚོགས་བཞུགས་གནང་སྟེ། ༸སྐྱབས་མཆོག་ཤར་ཆེན་༸ངོར་ཀླུ་ལྡིང་མཁན་རིན་པོ་ཆེ་དོན་གྱི་སླད་དུ་མཚན་ནས་སྨོས་ན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་བཀྲིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་ལ་སྒྲོལ་མ་ཕོ་བྲང་ནས་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོ་འོད་ཟེར་དྲུག་སྦྲགས་ཀྱི་སྒོ་ནས་བརྟན་བཞུགས་སྟབས་བདེ་ཞིག་ཕུལ་གནང་སོང་།

དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་42པ་མཆོག་གིས་བཀའ་ཆོས་དང་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་༤༣ མཆོག་ཇི་ལྟར་རིང་ནས་གསོལ་འདེབས་ཞུས་པ་བཞིན་འདི་རིང་ཞོགས་པ་ལ་དྭགས་སུ་ཞབས་སོར་འཁོད་པ་དང་། གནམ་ཐང་ནས་སེར་སྐྱ་མི་མང་ནས་ཕེབས་བསུ་ཟབ་རྒྱས་དང་བཅས་རྒྱལ་ས་གླེ་ཡི་ཇོ་ཁང་དུ་གནས་གཟིགས་དང་མི་མང་ལ་བཀའ་སློབ། དེ་ནས་མང་སྤྲོ་དགོན་དུ་གདན་འདྲེན་ཞུས་གནང་བ་བཅས།

་རབ་གནས་ཆུ་ཡོས། ཆོ་འཕྲུལ་ཟླ་བའི་ཚེས་བཅུ་དགེ་བའི་ཉིན། མདོ་རྒྱུད་རྒྱ་མཚོའི་མངའ་བདག ངོར་ཆེན་རྒྱལ་བའི་རྒྱལ་ཚབ། ༧སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་རིན་པོ་ཆེ་མཆོག་ནས་རྗེ་བཙུན་འཇམ་དཔལ་དབྱངས་དང་། ཆོས་སྲུང་གུར་ལྷ་བརྒྱད་ཀྱི་རྗེས་གནང་ཟབ་མོའི་བཀའ་དྲིན་བསྩལ་གནང་སོང་།

ཁྲ་རིགས་དགོན་བརྩེ་ཆེན་བཤད་སྒྲུབ་གླིང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ༸སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་རིན་པོ་ཆེ་མཆོག་གིས་ཇོ་བོ་ན་རོ་ཏ་པའི་ལུགས་ཀྱི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་དང་བཀའ་ཁྲིད་ཆ་ལག་དང་བཅས་བཀའ་དྲིན་བསྩལ་རྒྱུའི་མཛད་རིམ།

༸སྐྱབས་མཆོག་ངོར་ཁྲི་པ་ཐར་རྩེ་མཁན་རིན་པོ་ཆེ་མཆོག་ནས་ཐེ་ཝན་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བཀའ་དྲིན་བསྐྱང་གཏན་ཁེལ་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*