སྨུག་ཞག་ཁྲོད་ཀྱི་ཕ་ཡུལ། 

                              པིར་རྩེ་ལྡེམ་ལྡེམ།
རླུང་བུ་དང་སྨུག་ཞག་གིས་རི་བོ་སྒུལ་དུས།
ཁྱོད་རང་སྔར་བཞིན་ཕ་ཡུལ་ལ་དུངས།
རི་སྒང་གི་དར་ལྕོག་དང་རྒོད་པོ་དག་གིས་ཀྱང་།
དགུན་ལྗོངས་འདིར།
ཁྱོད་རང་ཕ་ཡུལ་ལ་ལོག་པ་མཐོང་།
ཞོགས་པའི་སྐྱ་རེངས་ཁྲོད།
རི་ཚོགས་ཀྱིས་མཛའ་གཞས་སྙན་མོ་ཞིག་བཏང་ནས།
ཁྱོད་རང་ཕ་ཡུལ་ལ་བསུས།
འཁྱག་རོམ་དང་རླུང་འཚུབ་རྒོད་དུས།
ས་གཞི་སྐྱ་བོར་གྱུར།
ཁྱོད་ཀྱི་སེམས་སུ།
ཕ་ཡུལ་ཉི་ཟེར་དང་དྲོད་ཁོལ་གྱི་པང་ན་ཡོད།
ལོ་ཟླ་བཞུད་སོང་།
ཆུ་བོ་བཞུར་སོང་།
དགུན་གཞུང་འདི།
སྔར་བཞིན་འཁྱག་ལ།
བུ་ཡུག་ཀྱང་འཚུབ།
སྐབས་རེར་ཁ་བ་དང་རླུང་འཚུབ་ཀྱིས།
ཕ་ཡུལ་གསུབ་ལ་ཉེ་ནའང་།
མིག་ནང་ན་ཕ་ཡུལ་ཧ་ཅང་མཛེས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*