དཔལ་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་ཆེན་མོ།

ལོ་ལྟར་རཱཇ་པུར་དཔལ་ས་སྐྱའི་ཆོས་སྒར་དུ་དཔལ་ཆེན་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་ཆེན་མོ་ཆག་མེད་གསུང་སྒྲུབ་གནང་བཞིན་པ་ལས། འདི་ལོ་༢༠༢༠ ཟླ་༨པའི་ཚེས་༢༩ ནས་བཟུང་ཟླ་༩ ཚེས་༨ བར་ཉིན་གྲངས་བཅུ་གཅིག་རིང་ཚོགས་བཞིན་པའི་ཉིན་མཐའ་མའི་ཉིན་རྒྱབ་ཚུ་ཚོད་༣ ཐོག་ངོ་དེབ @sakyacentreindia  ཐད་གཏོང་བརྒྱུད་དཀྱིལ་འཁོར་གཤེགས་གསོལ་བྱིན་རླབས་དང་།   ཕྱི་དྲོ་ཆུ་ཚོད་༥ ཐོག་དཔལ་ས་སྐྱའི་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་ཞལ་སྔ་ནས་དད་ལྡན་མང་ཚོགས་རྣམས་ལ་རྡོ་རྗེ་ཕུར་པའི་བཀའ་བསྒོ་བགེགས་བསྐྲད་བཀའ་དྲིན་བསྐྱང་གནང་རྒྱུ་ཐུགས་གཏན་འཁེལ་ཡོད་པ་ས་ཆོས་ལས་ཁུངས་སྤེལ་གནང་འདུག   

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*