རྗེས་དྲན་དད་པའི་སེམས་འགྱུ།

རིག་པའི་འཕྲུལ་ལ་ལུང་གི་གཤོག་པས་བརྒྱན།།
མཁས་པའི་རྩལ་ལ་མཁྱེན་པའི་རྣམ་དཔྱོད་མངའ།།
བྱམས་བརྩེའི་ཐུཊ་ལ་ཕན་བདེའི་ལྷག་བསམ་ཅན།།
གནས་ལྔའི་དཔའ་བོ་འཇ༵མ་མགོ༵ན་ས༵་པ༵ཎ་བསྟོད།།

སྐུ༵་ཡི་བཀོད་པའི་ཁམས་གསུམ་ཟིལ་གྱིས་མནན།།
གསུ༵ང་གི་འཕྲིན་ལས་འགྲོ་བའི་ཁམས་ལ་ཁྱབ།།
ཐུག༵ས་ཀྱི་མཁྱེན་པས་ཤེས་བྱའི་དེ་ཉིད་གཟིགས།།
འགྲན་པའི་ཟླ་བྲལ་འཇ༵མ་མགོ༵ན་༵ས་པ༵ཎ་བསྟོད།།

མཁ༵ས་པའི་གྲལ་ནས་མཁས་པའི་ཡང་རྩེ་སོན།།
བཙུ༵ན་པའི་ཚུཊ་ཀྱིས་བཙུན་པའི་གཙུག་ན་མཛེས།།
བཟ༵ང་པོའི་དཔལ་གྱིས་བཟང་པོའི་གདན་དུ་འགྱིང་།།
བསྟན་པའི་དཔལ་གྱུར་འཇ༵མ་མགོ༵ན་ས༵་པ༵ཎ་བསྟོད།།

འཆ༵ད་པའི་རྔ་ཆེན་གོ་ལའི་ཁྱོན་ན་འབར།།
རྩོད༵་པའི་ངར་ཁས་ལོག་སྨྲའི་ཚང་ཚིང་བསྲེགས།།
རྩོམ༵་པའི་ལེཊ་བཤད་བསྟན་པའི་དཔལ་དུ་བཞད།།
འགྲོ་བའི་དཔལ་མགོན་འཇ༵མ་མགོ༵ན་ས༵་པཎ༵་བསྟོད།།

ཐོས༵་པས་ལུང་རིག་རྒྱ་མཚོ་ཧུད་ཀྱིས་བཞེས།།
བས༵མ་པས་ལྟ་ངན་འཐུག་པོ་རིང་དུ་སྲིང་།།
སྒོམ༵་པས་དུག་ལྔའི་དགྲ་ཚོགས་རྩད་ནས་བཅོམ།།
ཐུབ་དབང་གཉིས་པ་འཇ༵མ་མགོ༵ན་ས༵་པཎ༵་བསྟོད།།

རྩོམ་ཐུང་འདི་བསྟོད་ཡུལ་མཆོག་ལ་མི་ཕྱེད་པའི་དད་འདུན་ཅན་༼རྫ་བ་རིག་གནོད་༽ཀྱིས་༧འཇམ་མགོན་བླ་མ་ཆེན་པོ་གཟུགས་སྐུ་མྱ་ངན་ལས་འདས་པའི་དུས་ཆེན་གྱི་རྗེས་དྲན་དུ་དད་སེམས་ཟོལ་མེད་དང་བཅས་ཏེ་བྲིས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*