རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་སྤྲུལ་སྐུ་རྣམས་ཀྱི་ཆེད་དུ་སྨོན་ལམ་འདེབས་པ།

མ་འོངས་པའི་སྤྲུལ་སྐུ་རྣམས་ཀྱི་ཆེད་དུ་སྨོན་ལམ་འདེབས་པ།

 གང་ནས་བཤད་པའི་རྒྱུ་མཚན་དེ་ཚང་མས་སྤྲུལ་སྐུ་སྐྱེད་སྲིང་གི་ལས་དོན་ལམ་ལྷོང་མི་ཡོང་བའི་རྒྱུ་མཚན་གཙོ་བོ་དེ་ནི། དེ་རིང་ཁ་སང་གི་སྤྲུལ་སྐུ་རྣམས་ལ་སྲོལ་རྒྱུན་གྱི་སློབ་སྦྱོང་རིག་ པ་དང་དུ་བླངས་ནས་བེད་སྤྱོད་བྱེད་པ་ལ་ཐུག་ཡོད་པ་བསྟན་ཡོད་རེད། ང་རང་སྒེར་ངོས་ནས་ཞུས་ན་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་གནང་ཚུལ་ལ་སྡུག་པོའ་ིལྟ་སྟངས་མེད། ངས་ཁོང་ལ་ཐད་ཀར་ཆ་རྒྱུས་མེད་ཀྱང་ཁོང་གི་ཡོན་ཏན་མང་པོ་ཐོས་མྱོང་། གང་ལྟར་རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས་ཁོང་གི་མ་འོངས་པའི་མདུན་ལམ་དེ་བཀྲག་མདངས་དང་ལྡན་པ་ཞིག་ཡོང་བའི་རེ་བ་དང་སྨོན་ལམ་གཏིང་ནས་འདེབས་རྒྱུ་ཡིན། འགྲོ་བ་མིའི་གཞི་རྩའི་སྒོ་ནས་ཞུས་ན། འཇམ་མགོན་ཀོང་སྤྲུལ་སྐུ་ཕྲེང་བཞི་པ་ཁོང་སྨན་རམས་པ་ཞིག་བཟོ་འདོད་ཡོད་ན་འདྲ་མེད་ན་འདྲ་ཁྱད་པར་གང་ཡང་མེད། གཅིག་བྱས་ན་ཡིད་ སྨོན་སྐྱེ་འོས་པའི་སྐྱེས་ཆེན་ཞིག་ཆགས་ཡོང་ན་ཅི་ཤེས། ཁོང་ཆུ་ཚོད་བཟོ་མཁན་ཡང་ཆགས་ སྲིད་པ་རེད། ཁྱད་པར་གང་ཡང་མེད། འདས་པའི་སྐྱེས་ཆེན་དམ་པ་མང་པོ་ཞིག་མདའ་མཁན་དང་།   ཏིལ་རྡུང་མཁན། ཞིང་པ། སྐྲ་མཁན་དང་། མ་ཟད་སྨད་ཚོང་མ་ཡང་ཡིན་པ་ལྟ་བུར་རེད།དེ་དག་ལ་ལྟོས་ན་སྨན་རམས་པ་ཞིག་བཟོ་བ་དེ་སྐད་ཆ་ཡག་པོ་ཞིག་རེད། དངོས་གནས་བྱས་ ན་འཇམ་མགོན་ཀོང་སྤྲུལ་གྱི་བདམས་ཁ་དེ་བོད་བརྒྱུད་ནང་བསྟན་གྱི་དགོན་པ་རྣམས་ལ་ཡོད་པའི་གཞི་རྩའི་སྐྱོན་ཆ་བསལ་བའི་གཉེན་པོ་ཐབས་ལམ་ཡག་ཤོས་ཆགས་སྲིད་པ་རེད། ཐབས་ལམ་གཉེན་པོ་དེ་ཡང་། ནང་པ་སངས་རྒྱས་པའི་ཆོས་ལུགས་རང་ལ། ཆོས་ཀྱི་སློབ་དཔོན་དང་། དགོན་པ་དང་། གྲྭ་བ་རྣམས་བརྟན་པོར་འཚོ་ཞིང་བཞུགས་པའི་འཚོ་ཐབས་ཀྱི་ལས་གནས་འཆར་འགོད་བྱེད་དགོས་པ་ཤེས་པའི་ཐབས་ལམ་རྐྱེན་ངན་གྲོགས་སུ་གྱུར་བ་ཞིག་རེད། ནང་པ་སངས་རྒྱས་པའི་འཚོ་ཐབས་ལོ་རྒྱུས་ཀྱི་རྩ་བ་དང་རྨང་གཞི་ཡོད་པ་ཅན་འདི་དག་གྲྭ་བཙུན་གྱི་འཚོ་ཐབས་ལ་དགོས་ཀྱི་ཡོད་པ་ཤེས་རྟོགས་ཐུབ་པ་ཞིག་རེད་ཀྱང་། 

འཚོ་ཐབས་འདིས་དེང་དུས་མི་མང་པོ་ལ་གོ་ལོག་ཐེབ་བཅུག་གི་ཡོད། སྲོལ་རྒྱུན་འཚོ་ཐབས་འདིས་དེང་རིང་ཁ་སང་གི་ལོ་དུས་ལ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་མཐར་འཕེལ་རྒྱས་ བྱེད་པ་ལ་ཕན་ཐོགས་མེད་པ་ཕལ་ཆེར་ཆགས་ཚར་ཡོད། རྒྱུ་མཚན་འདི་དག་ལ་བརྟེན་ནས། ང་རང་ལ་ལྟོས་བཅས་ཀྱི་གྲོགས་པོ་གྲོགས་མོ་དང་། ལས་རོགས། རྗེས་འབྲངས་ཀྱི་རིན་པོ་ཆེ་ རྣམས་ལ་ནམ་ནམ་ཞར་ཞར་དུ་ཁྱེད་ཚོས་བོད་རིགས་མ་ཡིན་པ་ལ་ཆོས་འཆད་པའི་སྐབས་སུ། བོད་ཆས་གྱོན་པ་དང་། ནང་པ་སངས་རྒྱས་པའི་ཆས་གོས་ཀྱི་རིགས་དེ་དག་གྱོན་དགོས་པའི་ སྐུལ་འདེད་མ་བྱེད་ཅེས་བཤད་ཀྱི་ཡོད། ནང་པ་སངས་རྒྱས་པའི་ཆོས་པ་ནང་པའི་ཆོས་ལུགས་ ཀྱི་སྒྲིག་ཆས་སོགས་གང་ཡང་མེད་པ། དམག་ཆས་སྤྲས་སྡད་པ་དང་། དེང་དུས་ཀྱི་དོར་མ་ དང་སྟོད་ཐུང་ཆ་འགྲིག་གྱོན་ཞིང་། རྐེ་འཆིང་བསྡམས་མཁན་དང་། གཞན་ཡང་གྱོན་ཆས་འདྲ་ མིན་སྣ་ཚོགས་སྤྲས་པ་ཅན་མཐོང་བའི་ཚེ། ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་མི་སུ་འདྲ་ ཞིག་ཡིན་ནའང་ཉམས་སུ་ལེན་རྒྱུ་ཡོད་པའི་གསལ་བཤད་བྱས་ཡོད་རེད། 

བླ་མས་རང་གི་སློབ་མ་ལ་སྒྲིག་ཆས་གོམ་གཤིས་དང་རིག་གཞུང་གཏིང་ཟབ་མོ་ཡོད་ པའི་སྒྲིག་ཆས་འདི་འདྲ་ཞིག་གྱོན་དགོས་ཤེས་བཀའ་གཏོང་བའི་སྐབས་དེ་ནས། གཞན་དག་ མང་པོ་ཞིག་རང་བཞིན་གྱིས་ཟུར་དུ་འདོན་པ་དང་། ཕྱོགས་ཞེན་གྱི་མཁའ་རླུང་གཏིབ་པའི་ཁོར་ ཡུག་ཅིག་བསྐྲུན་གྱི་ཡོད་རེད། ངས་བསམ་ན་ཆོས་ལུགས་གཞན་དག་དཔེར་ན་ཁ་ཆེ་དང་ཡེ་ ཤ་སོགས་ཡར་རྒྱས་མེ་ལྟར་འབར་བཞིན་པའི་སྐབས་འདིར། འཛམ་གླིང་གང་སར་ནས་ནང་ པ་སངས་རྒྱས་པའི་གྲངས་འབོར་མར་འགྲིབ་པའི་རྒྱུ་མཚན་གཙོ་བོ་གཅིག་ནི། རང་ལུགས་ཁོ་ ན་གནད་ཆེན་དུ་ཟིན་ཞིང་གཞན་དག་ཟུར་དུ་འདོན་པའི་གོམས་གཤིས་ངན་པ་དེ་གོང་འཕེལ་དུ་སོང་བའི་རྒྱུ་མཚན་གྱིས་རེད་བསམ་གྱི་ཡོད།   ནང་པ་སངས་རྒྱས་པ་ཡུན་རིང་པོར་གནས་ཐབས་སྐོར་ལ་མནོ་བསམ་གཏོང་སྐབས་འཇམ་མགོན་ཀོང་སྤྲུལ་གྱིས་སྨན་པ་ཞིག་བཟོ་བར་འདེམས་པའི་བདམས་ཀ་དེ། མཐའ་མར་བདམས་ཀ་ཡག་ཤོས་སུ་འགྱུར་ནས། ནང་པ་སངས་རྒྱས་པའི་བསྟན་པ་ལ་ཕན་ཐོག་རྒྱ་ཆེན་པོ་ཅན་ཞིག་ཏུ་འགྱུར་ན་ཅི་ཤེས། གང་ལྟར་འཇམ་མགོན་ཀོང་སྤྲུལ་བཞི་པ་ཁོང་གིས་སེམས་ཀྱི་གཏིང་ནས་ནང་པ་སངས་རྒྱས་པའི་བསྟན་པའི་དོན་དུ་དང་། དེའང་ཆོས་བརྒྱུད་བྱེ་བྲག་པ་གཅིག་ཙམ་ཞིག་གི་ཆེད་མ་ཡིན་པར། སྐུ་གོང་མའི་རྣམ་པར་ཐར་བ་ལྟར་ཆོས་བརྒྱུད་ཚང་མའི་ཆེད་དུ་མཛད་པ་ཕྱག་ལས་གནང་ཐུབ་པ་ཞིག་ཡོང་ན་བསམ་པ་ནི་ངའི་རེ་བ་ཡིན་ལ་སྨོན་ལམ་ཡང་ཡིན།   

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*