༧ སྐྱབས་རྗེ་འཁོན་གདུང་ཨ་སངྒ་བཛྲ་རིན་པོ་ཆེ་མཆོག་བྱང་གར་ཞ་ཕྱོགས་སུ་ཆིབས་བསྒྱུར་གནང་འདུག

བོད་ཟླ་བ་དྲུག་པའི་ཚེས་པ་༡དང་༢ ཉིན་གཉིས་རིང་རྒྱ་གར་བྱང་ཕྱོགས་གར་ཞ་ཡུལ་གྱི་དད་ལྡན་མི་མང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ༧སྐྱབས་རྗེ་འཁོན་གདུང་ཨ་སངྒ་བཛྲ་རིན་པོ་མཆོག་གར་ཞ་མཁའ་འགྲོ་གླིང་ཞུ་པ་དང་ འཁོར་ལོ་བདེ་མཆོག་གི་གནས་ཆེན་ཉེར་བཞིའི་ནང་ཚན་དྲིལ་བུ་རིའི་ཉེ་འདབ་ཁང་གསར་མཁར་གྱི་ཉེ་སར། དེང་དུས་ཇིས་པ་ཟེར་བའི་ས་གནས་ཀྱི་ཕོ་བྲང་མདུན་ཐང་དུ། གར་ཞ་སྟོད་སྨད་བར་གསུམ་གྱི་དད་ལྡན་མི་མང་སྟོང་ཚོ་ཉེ་བ་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་གནང་དང་། ཚེ་དབང་། དེ་བཞིན་བཀའ་སློབ་བཀའ་བསྒོ་སོགས་འདུལ་བྱ་གང་ལ་གང་འདོད་ཀྱི་བཀའ་ཆོས་ཟབ་མོ་བཀའ་དྲིན་བསྐྱངས་གནང་བ་དང་། དེ་བཞིན་གར་ཞར་ཕེབས་ལམ་དུ་ཁང་གསར་དང་ཚེ་བཅུའམ་སི་སུ་སོགས་ས་གནས་མི་མང་ནས་ཕེབས་སུ་སྣེ་ལེན་ཟབ་རྒྱས་ཞུ་ཡོད་པ་མ་ཟད། རིན་པོ་ཆེ་མཆོག་ནས་མི་མང་ལ་བྱིན་རླབས་བཀའ་བསྒོ་དང་བཀའ་སློབ་ལམ་སྟོན་གནང་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*