ལྷ་ཡུལ་ཤེལ་གྱི་ཆ་སྒམ། མུ་འགོད་སྒྲུང་ཐུང་ཁག

སྒྲུང་ཐུང་བཅུ་བདུན་པ། << ལྷ་ཡུལ་ཤེལ་གྱི་ཆ་སྒམ། >>

 «སྟེས་དབང་ནི་ལས་དབང་ལ་བཅོས་བསྒྱུར་བྱེད་པོའོ།།»

     —ཐང་གླུད་ཀྱིས་བསྒྱུར། 

སྐབས་ཤིག་ན། ཚེམ་བཟོ་བ་ཞིག་ཁེར་རྐྱང་དུ་འགྲུལ་བཞུད་བྱེད་བཞིན་ཡོད།    ཁོས་ལམ་བར་ནས་ཤྭ་ཕོ་ཞིག་དང་གླང་རྒན་ཞིག་གཉིས་ཕན་ཚུན་འཛིང་བཞིན་པ་མཐོང་། ཤ་བས་གླང་རྒན་དེ་བསད་པ་དང་སྐྲག་སྣང་གིས་རྒྱལ་ལ་ཁད་ཡོད་པའི་ཚེམ་བཟོ་བ་རང་གི་ཁྲག་རྭའི་བར་ལ་བཏེགས་ཏེ་བརྒྱུགས།  ཤྭ་ཕོ་ཁང་པ་ཞིག་ཏུ་སླེབས་པ་དང་ཚེམ་བཟོ་བ་ག་ལེར་མར་ས་ལ་ཕབ་སྟེ། “རེམས། རེམས།  མགྱོགས་པོར་ནང་ལ་ཤོག”ཅེས་བཤད།   ཧ་ལས་ཤིང་ཧོན་འཐོར་བའི་ཚེམ་བཟོ་བ། ཤྭ་ཕོ་དེའི་རྗེས་སུ་སྙེགས་ནས་ཁང་པའི་ནང་གི་ཚོགས་ཁང་ཆེན་པོ་ཞིག་ཏུ་ཕྱིན། དེའི་ས་ངོས་སུ་ལྷ་ཡུལ་གྱི་འདྲ་སྐུ་ཞིག་དྭངས་གསལ་གྱི་ཆ་སྒམ་ཞིག་གི་ནང་དུ་མཆིས། ཆ་སྒམ་གཞན་པ་ཞིག་ཏུ་ཁོས་ད་སྔ་དེ་འདྲའི་མཛེས་མ་ཞིག་མཐོང་མྱོང་མེད་པའི་སྨན་ཆུང་མ་ཞིག་ཡོད།  ཚེམ་བཟོ་བས་སྒམ་གྱི་ཁ་ལེབ་ཡར་བཏེགས་པ་དང་། ན་ཆུང་མ་དེ་ཡིད་ཙམ་གྱིས་གཉིད་ལས་སད་ལ། ཤྭ་ཕོ་དེ་ཡང་མི་ཡིད་དུ་འོང་བ་ཞིག་ཏུ་གྱུར། “ཁྱོད་ཀྱིས་ངན་སྔགས་དེ་མེད་པར་བཟོས་སོང་”ཞེས་སྨན་ཆུང་མས་བཤད། དོན་ངོ་མ་མོ་ནི་ལྷ་མོ་ཞིག་ཡིན་པ་དང་།  ཤྭ་ཕོ་དེ་ནི་མོའི་གཅེན་པོ་ཡིན་འདུག  གདུག་རྩུབ་ཅན་གྱི་སྒྱུ་མ་མཁན་ཞིག་གིས་ལྷ་སྲས་དེ་ཤྭ་བ་ཞིག་ཏུ་བསྒྱུར་བ་དང་། ལྷ་མོ་གཉིད་མཐུག་པོ་ཞིག་ཁུག་བཅུག་པ་རེད། ཉིན་མོ་ཞིག་ལ། གདུག་རྩུབ་ཅན་གྱི་སྒྱུ་མ་མཁན་རང་ཉིད་གླང་རྒན་ཞིག་ཏུ་སྤྲུལ། ཤྭ་བས་གོ་སྐབས་དེ་མཐོང་བ་དང་གླང་རྒན་བསད་པ་རེད་འདུག     དེའི་རྗེས་སུ། ཚེམ་བཟོ་བས་སྒམ་གཉིས་པའི་ཁ་ཕྱེ་བ་དང་ཤིན་ཏུ་ཆེ་བའི་མཁར་རྫོང་ཞིག་བྱུང་བ་རེད།    ཡིད་དུ་འོང་བའི་ལྷ་མོ་དང་བསོད་ནམས་ལྡན་པའི་ཚེམ་བཟོ་བ་གཉིས་གཉེན་སྒྲིག་བྱས། དཔའ་མཛངས་ལྡན་ཞིང་ཡིད་དུ་འོང་བའི་གཅེན་པོ་ལྷ་ཡུལ་གྱི་རྗེ་བོར་གྱུར་ཏེ།  གཅེན་གཅུང་ལྷན་རྒྱས་ཚང་མ་དགའ་སྤྲོའི་ངང་གནས་པ་རེད།

༢༠༡༩/༥/༢༠   གཟའ་ཟླ་བ།

སྒྲུང་ཐུང་བཅོ་བརྒྱད་པ། <<རྒན་པོ་མེ་ནེ་ཁོའི་སོར་གདུབ།>>

           —ཐང་གླུད་ཀྱིས་བསྒྱུར།

སྔོན་མའི་དུས་ཚོད་ཅིག་ལ། ཡུལ་དེར་འདོད་རྔམ་ཅན་གྱི་སྒྱུ་མ་མཁན་གཉིས་ཡོད།    ཁོ་གཉིས་ཀྱིས་རང་གི་མིག་འཕྲུལ་ལོག་སྤྱོད་ཀྱིས་མི་རྣམས་ལ་མགོ་སྐོར་བཏང་སྟེ་ཁོང་ཚོ་ལས་དངོས་པོ་བརྐུས།   བྱེད་སྟངས་དེ་སྤྱད་ནས་ཁོ་གཉིས་ཀྱིས་རྒྱུ་ནོར་དང་དངོས་རྫས་རྩ་ཆེན་ཧ་ཅང་མང་པོ་བསྡུས་པ་རེད།     ཉིན་ཞིག རྒན་པོ་མེ་ནེ་ཁོ་ཞེས་པ་ཞིག་གྲོང་ཚོ་དེ་ལ་སྡོད་ད་ཡོང་བ་དང་།   ཁོ་ལ་གསོ་བྱ་དེ་ཕོ་ཞིག་ཡོད།   དེ་དུས་རྒད་པོ་དེ་ཧ་ཅང་དབུལ་བོ་ཞིག་ཡིན་སྟབས། རང་གི་གསོ་བྱ་དེ་ཕོ་དེ་བཙོང་རྒྱུར་སེམས་ཐག་བཅད།    ལམ་བར་ནས་ཁོ་འདོད་རྔམ་ཅན་གྱི་སྒྱུ་མ་མཁན་གཉིས་ལ་ཐུག   ཁོ་གཉིས་ཀྱིས་བྱ་ཕོ་དེ་མཐོང་བ་དང་དགའ་སྤྲོ་དཔག་ཏུ་མེད་པ་སྐྱེས་ཤིང་། བྱ་ཕོའི་སྐེ་རྒྱབ་ལ་སྒྱུ་འཕྲུལ་གྱི་རྡོ་ཞིག་སྦས་ཡོད་པའང་ཤེས། གནས་ཚུལ་དེ་རྒད་པོ་མེ་ནེ་ཁོས་ཐོས་པ་དང་།  ཁོས་སྒྱུ་མ་མཁན་དེ་གཉིས་ཀྱིས་རང་གི་བྱ་ཕོ་བརྐུ་རྒྱུ་ཡིན་པ་རྟོགས།

དེར་བརྟེན། ཁོས་མགྱོགས་མྱུར་ངང་བྱ་ཕོའི་སྐེ་རྒྱབ་ཀྱི་སྒྱུ་འཕྲུལ་གྱི་རྡོ་དེ་བླངས་ནས། རང་གི་སོར་གདུབ་ཀྱི་ཕྲ་རྒྱན་དུ་བཏབ།  སྒྱུ་འཕྲུལ་དང་ལྡན་པའི་སོར་གདུབ་དེས་མེ་ནེ་ཁོའི་ཅི་འདོད་ཐམས་ཅད་ཅི་བཞིན་དུ་གྲུབ་བཅུག་པས། ཁོ་ལོངས་སྤྱོད་ལྡན་པའི་རྒྱལ་སྲས་གཞོན་ནུ་ཞིག་ཏུ་གྱུར།  ཅང་མ་འགོར་བར། འདོད་རྔམ་ཅན་གྱི་སྒྱུ་མ་མཁན་གཉིས་ཀྱིས་ཁོའི་སོར་གདུབ་བརྐུས་ཏེ།  ཁོ་སྔར་གྱི་རྒད་པོ་ལོ་ལོན་དེར་ཕར་བསྒྱུར་བ་རེད།   དེ་ནས་མེ་ནེ་ཁོས་ཌེབ་ཧོལ་རྒྱལ་པོའི་ཁབ་ཀྱི་བྱི་བ་ལ་རོགས་པ་བྱེད་པའི་རེ་བ་ཞུས།   བྱི་བའི་རོགས་རམ་ལ་བརྟེན་ནས་མེ་ནེ་ཁོའི་སོར་གདུབ་དེ་ཕྱིར་ཐོབ།   དེ་མ་ཐག་མེ་ནེ་ཁོས་འདོད་རྔམ་ཅན་གྱི་སྒྱུ་མ་མཁན་གཉིས་བོང་བུ་གཉིས་ལ་བསྒྱུར།   མེ་ནེ་ཁོ་སླར་ཡང་སྔར་གྱི་རྒྱལ་སྲས་གཞོན་ནུ་དེར་ཕར་གྱུར་པ་དང་རང་གི་ཕོ་བྲང་དུ་ཕྱིར་ཕེབས།   དེ་ནས་བཟུང་ཁོ་ཚེ་གང་བོར་བདེ་སྐྱིད་ལྡན་པའི་ངང་ནས་དེར་བཞུགས་སོ།།   ༢༠༡༩/༥/༢༦  གཟའ་ཉི་མ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*