གདུག་རྩུབ་ཅན་གྱི་འདྲེ་མོའི་ལས་སྐལ། མུ་འགོད་སྒྲུང་ཐུང་ཁག


སྒྲུང་ཐུང་བཅུ་གཉིས་པ། <<གདུག་རྩུབ་ཅན་གྱི་འདྲེ་མོའི་ལས་སྐལ།>>

                 -ཐང་གླུད་ཀྱིས་བསྒྱུར།

གནའ་གནའ་ཞིག་ལ།  ཡུལ་ཞིག་ལ་གདུག་རྩུབ་ཅན་གྱི་འདྲེ་མོ་ཞིག་ཡོད།   འདྲེ་མོ་དེ་བུ་མོ་ཆུང་ཆུང་རྣམས་ལ་སྐྲག་སྣང་སློང་བར་དགའ་བ་མ་ཟད།   ཁོ་མོ་ཚོར་མགོ་སྐོར་བཏང་ནས་ཤིང་ནགས་གསེབ་ཏུ་ཁྲིད་དེ།   དེར་འབྱོར་བ་དང་ཁོ་མོ་ཚོ་རང་གི་བྲན་གཡོག་བྱེད་དུ་འཇུག་གི་ཡོད།    གདུག་རྩུབ་ཆེ་བའི་བདུད་མོ་དེས་ལོ་མང་རིང་དེ་ལྟར་བུ་མོ་ཆུང་ཆུང་རྣམས་ཁྱེར་ཀྱང་།   གྲོང་གསེབ་ཀྱི་མི་རྣམས་ཀྱིས་རང་གི་བུ་མོ་རྣམས་ཇི་ལྟར་བོར་བརླག་ཏུ་འགྲོ་བཞིན་པ་མི་ཤེས་པས་བློ་ཕམ་ཚད་མེད་བྱུང་།   ཉིན་ཞིག   ལྷ་མོ་སྔོན་མོས་བདུད་མོ་དེའི་གདུག་རྩུབ་ཆེ་བའི་བྱ་སྤྱོད་སྐོར་ལ་རྒྱུས་ལོན་བྱུང་སྟེ། འདྲེ་མོའི་བྱ་སྤྱོད་དེ་མཚམས་འཇོག་བྱེད་པའི་ཐུགས་ཐག་བཅད།  དེ་ནས་ལྷ་མོས་ཤིང་ནགས་དེའི་ནང་གི་སྲོག་ཆགས་ཚང་མ་དབང་དུ་བསྡུས་ཤིང་ངན་སྔགས་བཏབ་པས།  སྲོག་ཆགས་ཚང་མས་ལྷ་མོས་ཅི་གསུང་ལྟར་བསྒྲུབས། 

ཉིན་འགའི་རྗེས་ལ།   གདུག་རྩུབ་ཆེ་བའི་བདུད་མོ་དེས་བུ་མོ་ཆུང་ཆུང་གཞན་ཞིག་ཕ་མ་གཉིས་ལས་བརྐུས་ཏེ།  ཤིང་ནགས་ཁྲོད་ཀྱི་གཙང་བོ་ཞིག་ཕར་བརྒལ་ལ་ཉེ་བའི་ཚེ།   ཁོང་ཁྲོང་རབ་ཏུ་འབར་བའི་སེང་གེ་ཞིག་བདུད་མོའི་སྟེང་ལ་མཆོངས་སྐབས།   བདུད་མོ་དེ་རང་ཉིད་ཉེན་ཁ་དེ་ལས་སྐྱོབ་ཕྱིར་ཤིང་སྡོང་ཤིན་ཏུ་རིང་པོ་ཞིག་གི་རྩེ་ལ་འཛེགས།   འོན་ཀྱང་།   ཤིང་སྟོང་དེའི་སྟེང་ནས་དུག་སྤྲུལ་གདེངས་ཀ་ཅན་ཞིག་གིས་མོ་ལ་སོ་རྒྱག་གྲབས་ཡོད་པས།   མོ་གཙང་བོའི་ནང་དུ་མར་མཆོངས་ཀྱང་།   ཆུ་སྲིན་རྣམས་ཀྱིས་མོ་སྒུག་བཞིན་པའི་སྒང་ཡིན་སྟབས།   མོ་མཐོང་བ་དང་མོའི་ལུས་ཡོངས་རྫོགས་གཙབ་དབྲད་བཏང་སྟེ། རྐང་ལག་དང་དོན་ལྔ་སྣོད་དྲུག་སོགས་རེ་རེ་བྱས་ནས་བཟས།   

ལྷ་མོ་སྔོན་མོས་བུ་མོ་དེ་ཁྲིད་ནས་ཤིང་ནགས་གསེབ་ཀྱི་བདུད་མོའི་ཁྱིམ་དུ་ཕྱིན་པ་དང་།  བདུད་མོས་བཙོན་ལ་བཅུག་པའི་བུ་མོ་ཆུང་ཆུང་གཞན་ཚང་མ་གློག་བཀྲོལ་བཏང་།

བུ་མོ་དེ་དག་དགའ་ཞིང་སྤྲོ་བའི་ངང་རང་རང་གི་ཁྱིམ་གྱི་ཕ་མ་ཡོད་སར་བརྒྱུགས་སོ།།     ༢༠༡༩།༥།༡༥གཟའ་ལྷག་པ

སྒྲུང་ཐུང་བཅུ་གསུམ་པ། <<རྫུ་འཕྲུལ་གྱི་རྒུན་འབྲུམ།>>

                                        -ཐང་གླུད་ཀྱིས་བསྒྱུར།  

ཉིན་ཞིག གྲོགས་མོ་གསུམ་སྟེ། ལེ་ཧྥ་དང་རོའུ་ཐཱ། སཱ་ར་རྣམས་ཀྱིས་ས་ནས་དངུལ་ཕོན་ཆེན་ཞིག་རྙེད་ཡོད། ཁོང་ཚོས་དངུལ་དེས་བཟའ་རྒྱུ་ཞིག་ཉོས་ནས་བགོ་བྱ་གཅིག་པ་རྒྱག་པའི་ཐག་གཅོད་བྱས།   ལེ་ཧྥས། “ངས་མང་པོ་ཟ་ན་འདོད་ཀི རྒྱུ་མཚན་ང་ལྟོགས་སྣང་སྐྱེས་ཀི་འདུག”ཅེས་པ་ན། རོའུ་ཐཱས། “མིན། ངས་མངར་མོ་གང་ཞིག་ཟ་ན་འདོད”ཅེས་བཤད། སཱ་རས། “མིན། ང་སྐོམ་གྱིན་འདུག་པས།   ངས་གང་ཞིག་འཐུང་ན་འདོད”ཅེས་བཤད།  གྲོགས་མོ་གསུམ་པོས་ཕན་ཚུན་ལ་རྩོད་གླེང་བྱེད་འགོ་བརྩམས། དེ་དག་གིས་ཁ་རྩོད་རྒྱག་བཞིན་པའི་མོད་ལ། ཤིང་ཏོག་གི་ལྷ་མོ་ཞིག་ཁོང་ཚོའི་འགྲམ་ནས་འགྲོ་བཞིན་ཡོད།  མོས་མཚམས་བཞག་སྟེ། “བུ་མོ་ཚོ། ཅི་ཞིག་བྱུང་སོང་ངམ། ཅིའི་ཕྱིར་ཁྱེད་ཅག་གིས་ཁ་རྩོད་བྱེད་ཀི་ཡོད”ཅེས་དྲིས་པ་ན།  བུ་མོ་ཚོས་ཤིང་ཏོག་གི་ལྷ་མོར་གནས་ཚུལ་དེ་ཇི་བཞིན་དུ་་བཤད། 

འགྲོགས་བདེ་བའི་ལྷ་མོས་བུ་མོ་ཚོའི་ལག་ནས་དངུལ་བླངས་པ་དང་། དེ་དག་ལ་སྨིན་ཡོད་པའི་རྒུན་འབྲུམ་སླེ་བོ་གང་སྟེར།

དེ་ནས་མོ་ན་རེ། “དེ་གར། རོའུ་ཐཱ་ལགས། རྒུན་འབྲུམ་འདི་ཚོ་མངར་མོ་ཡིན། ལེ་ཧྥ་ལགས། དེ་དག་གིས་ཁྱོད་ཀྱི་ལྟོགས་སྣང་སེལ་ནུས། གང་ཡིན་ཟེར་ན། ཤིང་ཏོག་དེ་དག་ལ་ཟས་བཅུད་ལྡན། སཱ་ར་ལགས། དེ་དག་ཁུ་བ་ཅན་ཡིན་པས། དེ་དག་གིས་ཁྱོད་ལ་ཕན་པ་སྟེ་ཁྱོད་ཀྱི་སྐོམ་གདུང་སེལ་ནུས་ཞེས་གསུངས།  སྐབས་དེར། གྲོགས་མོ་གསུམ་པོ་དགའ་ཞིང་སྤྲོ་བར་གྱུར་ཏེ།  ཁོ་མོ་ཚོས་རྩོད་མཚམས་བཞག་པ་དང་ཤིང་ཏོག་གི་ལྷ་མོར་བཀའ་དྲིན་ཞུས་པ་རེད། དེའི་རྗེས་ཁོ་མོ་ཚོ་བེ་ཤིང་གི་སྡོང་བོའི་གྲིབ་བསིལ་འོག་ལ་བསྡད་དེ། མཛའ་བརྩེའི་ངང་ནས་རྒུན་འབྲུམ་ལོངས་སུ་སྤྱད།   ཤིང་ཏོག་གི་ལྷ་མོས་བུ་མོ་ཚོས་དགའ་མགུའི་ངང་ནས་རྒུན་འབྲུམ་ལ་ལོངས་སུ་སྤྱོད་བཞིན་པ་མཐོང་བ་དང་། བཞད་འཛུམ་གྱིས་རྒྱང་རིང་ལ་ཕུར་སོང་བ་རེད།  ༢༠༡༩/༥/༡༦ གཟའ་ཕུར་བུ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*