༧སྐྱབས་རྗེ་འཁོན་གདུང་ཨ་བཱི་ཀྲྀ་ཏ་རིན་པོ་ཆེ་མཆོག་གི་བཀའ་སློབ།

ཉེ་འཆར་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་༧ ཏཱ་ལའི་བླ་མ་མཐོ་སློབ་ཁང་དུ་༧སྐྱབས་རྗེ་འཁོན་གདུང་ཨ་བཱི་ཀྲྀ་ཏ་རིན་པོ་ཆེ་མཆོག་གིས་བོད་སྐད་ཡིག་དང་ན་གཞོན་གྱི་འོས་འགན་ཞེས་པའི་བརྗོད་གཞིའི་ཐོག་བསྩལ་བའི་བཀའ་སློབ།

སྒྲ་ཕབ་ལེན་པ། མཁན་པོ་དར་རྒྱས།

ད་དེ་རིང་འདི་ནས་བོད་ཀྱི་སྐད་ཡིག་དང་ན་གཞོན་གྱི་འོས་འགན་ཞེས་པའི་བརྗོད་གཞི་དེ་འདྲ་ཞིག་གི་ཐོག་སྐད་ཆ་ཞིག་བཤད་དགོས་གསུངས་སོང་།
སྤྱིར་བཏང་བརྗོད་གཞི་འདི་གཉིས་ང་ཚོའི་མི་རིགས་འདིའི་ངོས་ནས་བསམ་བློ་གཏང་བཞག་པ་ཡིན་ན། དཔེ་མི་སྲིད་པ་གནད་འགག་ཆེན་པོ་གཅིག་རེད་བཞག་དྲན་གྱིན་ཡོད། ལྷག་པར་དུ་ད་ལྟའི་དུས་ཚོད་འདི་ལ་དོན་དག་འདི་འདྲ་བའི་ཐོག་ཏུ་ང་ཚོས་ཡང་ནས་ཡང་དུ་བསམ་བློ་བཏང་།ཕན་ཚུན་གོ་བསྡུར་བྱས་ནས་ཚང་མས་གལ་ཆེན་པོ་ག་ཚོད་ཡིན་མིན་ཧ་གོ་བ་བྱེད་ཐུབ་དགོས་ཡ་དེ་དཔེ་གནད་འགག་ཆེན་པོ་རེད་འདུག
གཞན་རང་གི་སྐད་ཡིག་སྲུང་སྐྱོབས་བྱེད་དགོས་རེད་ཟེར་ལབ་བསྡད་ན་ཡང་། དེའི་རྒྱུ་མཚན་ཧ་མ་གོ་ན་དེ་ཙམ་དོ་སྣང་སླེབས་ཀྱི་མ་རེད། བྱས་ཙང་ད་རེས་ཁྱེད་རྣམ་པ་ཚོས་གོ་སྒྲིག་འདི་འདྲ་གནང་བ་དེ་དངོས་གནས་ཡག་པོ་ཞེ་དྲགས་རེད་དྲན་བཞིན་ཡོད།
ཡིན་ན་ཡང་དོན་དག་འདི་ཚོའི་ཐོག་ལ་ང་རང་གིས་གཏམ་བཤད་བྱེད་རྒྱུ་དེ། ང་རང་ལ་ཉམས་མྱོང་དང་དམིགས་བསལ་
སྦྱངས་པ་མེད་དུས་ཁྱེད་རྣམ་པ་ལ་ཐུགས་ཕན་སོས་ཀྱི་ཡོད་ན་བསམ་གྱིན་ཡོད།

དེ་རིང་ང་རང་འདི་ན་ཡོང་བ་དེ་ཡང་། རྒྱུ་མཚན་གཙོ་བོ་འདྲ་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་
ང་ཚོའི་མི་རིགས་འདིིའི་ཆོས་དང་རིག་གཞུང་ཕུན་སུམ་ཚོགས་པ་ཡོད་བསྡད་པ་འདི། མི་ཉམས་རྒྱུན་འཛིན་བྱེད་དགོས་པ་དང་།
དེ་ཡང་གཙོ་བོ་ན་གཞོན་ཚོས་འགན་འཁུར་ནས་་ཤུགས་རྒྱབ་ཤོག་ཨ་གསུངས་ནས།
ཡང་ནས་ཡང་དུ་བཀའ་སློབ་ཕེབས་བསྡད་པ་དེ། ང་ཚོ་བོད་མི་རྒན་གཞོན་ཚང་མས་སེམས་ལ་ཉར་ནས་མི་རེའི་ངོ་རེ་ནས་
སྐབས་དང་དུས་ལ་གང་ཐུབ་ཅི་ཐུབ་བྱེད་ནས་འགན་ཞིག་ཁུར་དགོས་རེད་བསམ་ནས་ནམ་རྒྱུན་དྲན་བསྡད་ཀྱིན་ཡོད། བྱས་ཙང་ད་རེས་ས་ཐག་རིང་ཐུང་ལ་མ་ལྟོས་པར་༧གོང་ས་མཆོག་གི་བཀའ་དགོངས་ལྟར་ང་རང་ཡང་བོད་མི་ཞིག་ཡིན་པའི་ངོས་ནས་འགན་ཞིག་ཁུར་བའི་རྣམ་པའི་ཐོག་ནས་ཡོང་བ་ཡིན། ཕྱོགས་གཅིག་ནས་ཁྱེད་རྣམ་པས་ང་ལ་རེ་བའམ་གདེང་འཇོག་ཅིག་གནང་ནས་འདི་ན་ཡོང་རོགས་གསུངས་དུས།ང་རང་གི་ངོས་ནས་མི་ཁོམ་ཟེར་ལབ་ན་མ་འགྲིགས་པ་འདྲ་རེད་བསམ་ནས་ཡོང་བ་ཡིན།།

༼གཉིས་པ་སྐད་ཡིག་གི་རིན་ཐང་དང་དེ་ཤེས་དགོས་པའི་སྐོར།༽

དེ་མ་གཏོགས་ང་ལ་སྐད་ཆ་དམིགས་བསལ་དེ་འདྲ་ཞིག་བཤད་ཡ་མེད། ཡིན་ནའང་ང་རང་མི་སྒེར་གཅིག་གི་ངོས་ནས་བཤད་ན་སྐད་ཡིག་འདི་ལ་དགའ་ཞེན་དང་། འདི་མ་འོངས་པར་ག་འདྲ་རེད་འགྲོ་ན་བསམ་པའི་སེམས་འཁྲལ་ཏོག་ཙམ་ཡོད་མཁན་ཞིག་ཡིན། དེ་འདྲ་ཡིན་དུས་དེ་དང་འབྲེལ་ནས་བསམ་ཚུལ་ཁ་ཤས་ཞུས་ན་བསམ་བྱུང་། ང་དང་པོ་ཕྱི་རྒྱལ་དུ་སྐྱེས་ནས་ཆུང་ཆུང་སྐབས་བོད་སྐད་ཡག་པོར་ཤེས་ཀྱི་མེད། དེ་དུས་ཤེས་ན་བསམ་པའི་རེ་བ་འདྲ་ཅི་ཡང་བསམ་ཤེས་ཀྱི་མེད། དེ་ནས་རིམ་པས་ལོ་ཡར་ཙམ་བསླེབས་དུས་རྒྱ་གར་ལ་ཡོང་བ་རེད། འདི་ན་བསླེབས་དུས་བོད་པ་མང་པོ་ཞིག་ཐུག་ནས་དེ་ཚོའི་མཉམ་དུ་སྐད་ཆ་བཤད་དགོས་དུས། ང་རང་གིས་བོད་སྐད་ཡག་པོར་མི་ཤེས་ཙང་། ཁོང་ཚོས་ང་ལ་ག་རེ་བཤད་ཡོང་ན། ངས་ཕར་ག་འདྲ་ལབ་དགོས་ན་བསམ་ནས་སེམས་འཁྲལ་དང་ངོ་ཚ་ནས་བོད་པ་དེ་ཚོར་ཐུག་མ་ཡོང་ན་བསམ་པ་དང་ཐུག་དུས་བྲོས་དགོས་ཡ་དེ་འདྲ་བྱུང་། ང་རང་རྒྱ་གར་བསླེབས་ནས་ངས་སྐད་དང་ཡི་གེ་སྦྱངས་པ་རེད། དེ་སྐབས་ངས་བོད་པ་ཚོའི་མཉམ་དུ་སྐད་ཆ་བཤད་ཡ་དང་འདོན་པ་འདོན་ཡ་དེ་ཚོའི་ཐོག་དཀའ་ངལ་འདུགདེ་སེལ་བའི་ཕྱིར་སྐད་ཡིག་གཉིས་ཡག་པོ་སྦྱོང་དགོས་འདུག་དྲན་མྱོང་། དེ་རྗེས་ང་རྫོང་སར་བཤད་གྲྭར་བསླེབས་ནས་དཔེ་ཆར་བལྟས་ཡོང་དུས། ང་ཚོའི་སྐད་ཡིག་གི་ཐོག་ལ་ནང་ཆོས་ཀྱི་ཐ་སྙད་ཕུན་སུམ་ཚོགས་པ་ཡོད་པ་དེ་ཚོ་མཐོང་དུས་དངོས་གནས་སེམས་ལ་འགྱུར་བར་ཕྱིན་ནས། དེ་སྔོན་ང་རང་གི་བོད་ཀྱི་སྐད་ཡིག་སྦྱོང་དགོས་པའི་བསམ་བློ་གཏོང་སྟངས་དེ།
མི་རིགས་གཞན་པ་ཞིག་གིས་བོད་ཀྱི་སྐད་ཡིག་སྦྱོང་བའི་རྒྱུ་མཚན་ཙམ་ལས། བོད་མི་ཞིག་གིས་བོད་ཀྱི་སྐད་ཡིག་སྦྱོང་བའི་རྒྱུ་མཚན་གཙོ་བོ་དེ་རེད་མི་འདུག་བསམ་པ་དེ་འདྲ་ཞིག་བྱུང་། ངས་ཧ་གོ་བ་དེ་ང་ཚོའི་སྐད་ཡིག་གི་ཡོན་ཏན་ཕྱོགས་གཅིག་རེད། ད་དུང་དེ་ལས་གྲངས་མང་བ་དང་རིན་ཐང་ཆེ་བ་མང་པོ་ཡོད་རེད་དྲན་བཞིན་ཡོད། བྱས་ཙང་ང་ཚོས་སོ་སོའི་སྐད་ཡིག་བདག་པོ་རྒྱག་རྒྱུ་ལ། དང་པོ་སོ་སོའི་སྐད་ཡིག་གི་རིན་ཐང་ཤེས་དགོས་པ་དེ་དཔེ་གནད་འགག་ཆེན་པོ་རེད་འདུག དངོས་པོ་ག་རེ་ཡིན་ན་དེ་བདག་པོ་རྒྱག་ཡ་དང་གཅེས་སྤྲས་བྱེད་ཡ་ལ། དངོས་པོ་ཁོ་རང་ལ་རིན་ཐང་དང་དགོས་མཁོ་ཞིག་ཡོད་ཅིང་དེ་ཤེས་དགོས་ཀྱི་འདུག་བ། མ་ཤེས་ན། དེ་བོར་བརླག་དང་ཆུད་ཟོས་ག་འདྲ་བྱུང་ནའང་གཡུགས་ནས་བསྐྱུར་གཞག་ཡ་ཞིག་རེད་མ་གཏོགས། དེེ་ལ་དམིགས་བསལ་ལྟ་རྟོག་བྱེད་རྒྱུ་ཡོང་གི་མ་རེད།
དེ་ག་ནང་བཞིན་སྐད་ཡིག་གཉིས་པོ་འདི་ཡང་བེད་སྤྱོད་གཏོང་མཁན་ང་ཚོས་རིན་ཐང་ཆེན་པོ་དང་རྩ་ཆེན་པོ་ག་ཚོད་ཡིན་མིན་དེ་མ་ཤེས་ན། དེ་ཉམས་ཆགས་དང་རྩ་མེད་ག་འདྲ་སོང་ཡང་། དེ་ལ་སེམས་འཁྲལ་དང་འགན་འཁུར་དེ་འདྲ་དམིགས་བསལ་གང་ཡང་སླེབས་ཀྱི་མ་རེད་དྲན་གྱིན་ཡོད། བྱས་ཙང་ང་ཚོའི་སྐད་ཡིག་གཉིས་ཡར་རྒྱས་གཏོང་བ་ལ་སྐད་ཡིག་གི་ཡོན་ཏན་དེ་ངེས་པར་གསལ་པོར་ཤེས་དགོས་རྒྱུ་དེ་གནད་འགག་ཆེན་པོ་གཅིག་མིན་འགྲོ་བསམ་བཞིན་ཡོད། ངས་སྐད་ཡིག་གི་རིན་ཐང་ཤེས་དགོས་རེད་ཟེར་བ་དེ་ཡང་། སྐད་ཡིག་འདི་ཡི་ཐོག་ནས་མི་སྒེར་ཞིག་གི་ལས་ཀ་རག་མི་རག་དང་། མི་གཞན་ལ་སྐད་ཆ་གོ་བརྡ་འཕྲོད་ཐུབ་མིན་དེ་ཙམ་ལ་ཟེར་བཞིན་མེད།

སྐད་ཡིག་འདིས་ང་ཚོའི་མི་རིགས་ལ་ཆོས་ཕྱོགས་ནས་གྲུབ་འབྲས་ག་ཚོད་ཐོན་འདུག འཇིག་རྟེན་ཕྱོགས་ནས་ག་རེ་ཐོན་འདུག
དེ་ཚོ་ལ་ང་ཚོས་གཅིག་བལྟས་ན། དཔེར་ན་དེ་སྔོན་བོད་གངས་ཅན་ལྗོངས་སུ་ལོ་ཙཱ་བ་རྣམ་པས་མཚོན་པའི་མཁས་གྲུབ་དེ་ཚོས་སྐད་ཡིག་འདི་གཉིས་ཐོག་ཏུ་ནང་ཆོས་ཀྱི་ལྟ་གྲུབ་ཆ་ཚང་བ་ཞིག་བསྒྱུར་བ་ནང་བཞིན་ད་ལྟ་འཛམ་གླིང་གི་སྐད་ཡིག་གང་གི་སྟེང་དུ་མེད་པ་རེད། དེ་ཙམ་དུ་མ་ཟད་དེ་དག་གིས་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ག་འདྲ་གནང་འདུག དེ་དག་གི་སྐབས་སུ་སྐད་ཡིག་གིས་མ་འདང་བ་འདི་ནས་བྱུང་བ་རེད་ཟེར་རྒྱུ་དང་གོ་རྒྱུ་མེད་པ་མ་ཟད། ཧ་ཅང་གི་སྤུས་དག་པ་ཆ་ཚང་བ། ད་ལྟ་སྐད་རིགས་གཞན་གྱི་སྟེང་དུ་ཕར་གཅིག་བསྒྱུར་ན་ཡང་དེ་ནང་བཞིན་ཧ་ལམ་ཡོང་མི་ཐུབ་པ་དེ་འདྲ་ཞིག་ཡོད་པ་རེད། དེང་སང་འཛམ་གླིང་ཤར་ནུབ་ཀྱི་ཆེད་མཁས་ཀྱི་མི་སྣ་མང་པོ་ཞིག་གིས་ཡིད་ཆེས་དང་དོ་སྣང་བྱེད་དགོས་པའི་ནང་ཆོས་དེ།
ད་ལྟ་ང་ཚོའི་མདུན་དུ་ཟ་ཆོག་ཆོག་ཡོད་བསྡད་པ་འདི་ཡང་ང་ཚོ་ལ་སྐད་ཡིག་ཕུན་སུམ་ཚོགས་པ་ཞིག་ཡོད་བསྡད་པའི་རྒྱུ་མཚན་རེད་འདུག་འ། འཇིག་རྟེན་ངོས་ནས་བསམ་བློ་བཏང་ན་ཆོས་རྒྱལ་མེས་དབོན་རྣམ་གསུམ་གཙོས་སྔོན་བྱོན་གྱི་མེས་པོ་དེ་ཚོས་
ཀྱང་ཆོས་སྲིད་ཀྱི་བྱ་བ་དེ་དག་སྐད་ཡིག་འདི་ཡི་ཐོག་ནས་གནང་བ་ཡིན་དུས། འཇིག་རྟེན་གྱི་བྱ་བ་ག་འདྲ་ཞིག་ཡིན་ནའང་སྐད་ཡིག་ཁོ་རང་གི་ངོས་ནས་སྒྲུབ་དགོས་པ་དེ་ཏག་ཏག་བསྒྲུབ་ཐུབ་པའི་ནུས་པ་དང་ཆ་རྐྱེན་ཡོད་བསྡད་པ་ཞིག་རེད། དེ་ག་ནང་བཞིན་ད་ལྟའི་བར་དུ་ཆོལ་ཁ་གསུམ་གྱི་མི་རིགས་འདི་ལ་བོད་ཅེས་པའི་ཚིག་གཅིག་གི་ཁྱབ་ཁོངས་ནང་ཡོད་བསྡད་པ་འདི་ཡང་། ང་ཚོ་ལ་གཅིག་གྱུར་གྱི་སྐད་ཡིག་འདི་གཉིས་ཡོད་པའི་རྒྱུ་མཚན་གྱིས་རེད་དྲན་གི་ཡོད། སྤྱིར་བཏང་ཟས་གོས་སོགས་འཚོ་བའི་ཆ་རྐྱེན་གཞན་གྱི་ཐོག་ནས་བོད་ཀྱི་ཁྱད་ཆོས་ཡོད་པ་རེད་དེ།
སྐད་ཡིག་གཉིས་པོ་ནང་བཞིན་གཅིག་གྱུར་གྱི་ནུས་པ་ཡོད་མཁན་ཞིག་མི་འདུག་བསམ་གྱི་ཡོད། དེ་ཙམ་མ་ཟད་ང་ཚོ་མི་རེ་རེའི་ངོས་ནས་བོད་མི་ཚད་ལྡན་ཞིག་ཆགས་པ་ལ་སྐད་དང་ཡི་གེ་གཉིས་དཔེ་གནད་འགག་ཆེན་པོ་རེད། དཔེར་ན་ང་ཚོས་ནམ་རྒྱུན་སྐད་ཆ་བཤད་སྟངས་ལ་བསམ་བློ་ཞིག་བཏང་ན། མི་དེས་བོད་སྐད་ཤེས་ཀྱི་མི་འདུག་བོད་པ་ཡིན་ས་མ་རེད་ཟེར་ཡ་དང་། ཡང་ཁོས་བོད་སྐད་སྐྱོན་གྱིན་འདུག་བོད་པ་ཡིན་ས་རེད་ཟེར་ལབ་བཞིན་འདུག་འ། དེ་བརྒྱ་ཆ་བརྒྱ་ཏག་ཏག་མ་རེད་དེ། ཧ་ལམ་བརྒྱ་ཆ་བདུན་ཅུ་བརྒྱད་ཅུ་ཞིག་རེད་བསྡད་ཡོད་རེད། དེས་ན་མི་རིགས་དེ་ཡིན་མ་ཡིན། མི་རིགས་དེའི་སྐད་ཡིག་ཤེས་མི་ཤེས་ཀྱི་སྒོ་ནས་ཧ་ལམ་འཇོག་གི་ཡོད།
ད་ལྟ་ངས་འདི་ནས་བཤད་རྒྱུ་དེ་ཚོ་ང་རང་གི་བསམ་བློ་གཏོང་ཕྱོགས་ཙམ་ཞིག་ཡིན། ད་དུང་ང་ཚོ་བོད་པ་ཞིག་ཡིན་པའི་ངོས་ནས་བསམ་བློ་བཏང་ན་དེ་ལས་མང་བ་དང་། དེ་ལས་གལ་ཆེ་བའི་རྒྱུ་མཚན་མང་པོ་ཏན་ཏན་ཡོད་རེད། དེ་འདྲ་ཡིན་དུས། ང་ཚོས་སྐད་ཡིག་གཉིས་པོ་འདིས་དེ་སྔོན་གྲུབ་འབྲས་ག་ཚོད་བཞག་འདུག ད་ལྟ་ཕན་ཐོགས་ག་ཚོད་འདུག མ་འོངས་པ་ང་ཚོའི་མི་རིགས་འདི་ལ་གནད་འགག་ཆེན་པོ་ག་ཚོད་རེད་འདུག་དེ་ཚོར་བསམ་བློ་ཡག་པོར་བཏང་ནས། ང་ཚོའི་མི་རིགས་སྤྱི་ཡོངས་ལ་སྐད་ཡིག་གི་རིན་ཐང་ཐོག་ལ་གོ་རྟོགས་ཡོད་པའི་ཐོག་ནས་ཤེས་ཚད་ཅིག་སླེབས་ན་སྤུས་དག་ཅིང་ཆ་ཚང་བ་ཞིག་རེད་འདུག་བསམ་གྱིན་ཡོད། དེ་ཡིན་དུས་མི་རིགས་གཅིག་གི་ངོས་ནས་བཤད་ན་སོ་སོའི་སྐད་ཡིག་ལས་གནད་འགག་ཆེ་བ་གཅིག་མེད་པ་ཡིན་དུས། ངེས་པར་དུ་ཤུགས་རྒྱག་རོགས་གནང་ཞུ་ཡ་ཡིན།།

༼དེ་ནས་དོན་དག་གཅིག་དེ་འགན་ཁུར་རེད། ༽དེ་བརྗོད་བྱའི་ཆ་ནས་ཁྱབ་ཆེན་པོ་དང་ལྗིད་ཁོག་ཆེན་པོ་ཞེ་དྲགས་རེད། མཛད་རིམ་ཐོག་ལ་ཡང་ན་གཞོན་འགན་ཁུར་ཟེར་བྲིས་གནང་འདུག ད་རེད་ཁོང་རྣམ་པས་ན་གཞོན་འགན་ཁུར་ཟེར་ནས། འགན་དེ་ང་ཚོ་ལ་གནང་། ཁོང་རྣམ་པ་ལྷོད་ལྷོད་བྱས་བཞུགས་རྒྱུ་རེད་འདུག་སྟེ། ངས་འགན་ཁ་ཤས་ཤིག་ཁོང་རྣམ་པས་བཞེས་རོགས་ཞུ་རྒྱུ་ཡིན།
དངོས་གནས་ང་ཚོའི་སྐད་ཡིག་གི་སྐོར་དེ་འགན་ཆེན་པོ་རེད་དྲན་བཞིན་ཡོད། དེ་ང་ཚོའི་ཁྱིམ་ཚང་གི་ཕ་མ་དང་། སློབ་གྲྭའི་བོད་དགེ།
ན་གཞོན་སློབ་ཕྲུག་རྣམ་པ་ཡིན་་དང་ཡིན། ང་ཚོ་ཚང་མས་ཤུགས་རྒྱག་ནས་འགན་མཉམ་ཁུར་བྱེད་དགོས་འདུག་མ་གཏོགས་ང་ཚོ་གཅིག་པུས་གཏན་ནས་ཡོང་ས་མ་རེད། ནང་གི་ཕ་མ་དེ་ཚོ་ཡིན་ནའང་སོ་སོའི་ཕྲུ་གུ་ལ་བོད་སྐད་བསླབས།
བོད་སྐད་ཀྱི་ཐོག་ནས་ཕན་ཚུན་སྐད་ཆ་བཤད། སྐད་ཆ་བཤད་སྟངས་ཀྱི་ཐོག་ལ་ཡང་བོད་མིའི་སྐད་ཆའི་གོམས་གཤིས་ཡོད་ཅིང་བྱང་ཆ་ཡོད་པ་དེ་འདྲ་ཞིག་གནང་ཐུབ་པ་བྱེད། བོད་དགེ་རྣམས་པས་ཀྱང་སློབ་གྲྭའི་ནང་ནས་བོད་ཡིག་འབྲི་ཀློག་གཉིས་ཀ་ཐོག་ལ་ཤུགས་རྒྱག་ནས་སློབ་ཕྲུག་དེ་རྗེས་མ་ཁོར་ཡུག་དེ་ནས་ཕྱི་ལ་ཐོན་དུས་བོད་ཡིག་འབྲི་ཀློག་ཡག་པོར་ཡོད་པ་ཞིག་ཡོང་ཐུབ་པ་བཟོ་བསམ་འགན་གཅིག་བཞེས་ནས་ཤུགས་རྒྱག། གང་ཟག་སྒེར་སོ་སོས་ཡིན་དང་ཡིན་ག་དུས་ཡིན་ནའང་ཤུགས་རྒྱག་དོ་སྣང་བྱས་ན། དངོས་གནས་ང་ཚོའི་མི་རིགས་འདི་གཞན་གྱིས་བལྟས་ན་ཡིད་སྨོན་བྱེད་དགོས་རྒྱུ་དང་སོ་སོའི་ངོས་ནས་སྤོབས་པ་སྐྱེས་འོས་པ་དེ་འདྲ་ཞིག་ཆགས་ཀྱི་རེད་དྲན་གྱིན་འདུག
དེང་སང་ན་གཞོན་ཁ་ཤས་སློབ་གྲྭ་ནས་སྤྱི་ཚོགས་ནང་བསླེབས་ནས་གཏམ་བཤད་དེ་འདྲ་་བྱེད་ཡོངས་དུས། བོད་སྐད་ཀྱིས་མ་འདང་བ་དང་། བོད་མིའི་སྐད་ཆའི་གོམས་གཤིས་དང་བྱང་ཆ་མེད་པ་དེ་འདྲ་འདུག་འ།
དེ་ཚོའི་རིགས་ལ་མི་སྒེར་ལ་སྐྱོན་བརྗོད་དང་དམའ་འབེབ་མི་བྱེད་ནས། དེ་དག་ཁོར་ཡུག་དང་ཆ་རྐྱེན་གང་གི་ཐོག་ནས་དཀའ་ངལ་ཡོངས་ཀྱི་འདུག་ལྟ་ནས། གཅིག་གིས་གཅིག་ལ་བསམ་ཤེས་དང་རྒྱབ་སྐྱོར་བྱེད་དགོས་རྒྱུ་དེ་དཔེ་གལ་ཆེན་པོ་རེད་འདུག

༼ང་རང་འདྲ་ཞིག་ཡིན་ན་བོད་སྐད་ཐོག་བྱང་ཆ་དང་གོམས་གཤིས་འདྲ་ཏོག་ཙམ་ཡོད་པ་འདི། ང་རང་གི་རྨོ་རྨོ་ལགས་ཀྱི་བཀའ་དྲིན་ཡིན།༽

སྤྱིར་བཏང་ང་ཚོའི་སྐད་ཡིག་གིས་མཚོན་པས་རིག་གཞུང་འདི་དར་སྤེལ་དང་སྲུང་སྐྱོབ་བྱེད་རྒྱུ་ལ། རྩ་བའི་ཆ་ནས་ང་ཚོ་སོ་སོ་ལ་མི་རིགས་ཀྱི་འདུ་ཤེས་ཡག་པོ་ཞིག་དགོས་ཀྱི་འདུག མི་རིགས་ཀྱི་འདུ་ཤེས་ཡག་པོ་མེད་ན་འགན་འཁུར་གྱི་བསམ་བློ་ཡོང་གི་མ་རེད། འགན་ཁུར་གྱི་བསམ་བློ་མེད་ན་སྤྱི་ཚོགས་དང་མི་རིགས་སུ་འདྲ་ཡིན་ན་ཁོ་ཡར་རྒྱས་ཡོང་རྒྱུ་མེད་ཙང་། མི་རིགས་ཀྱི་འདུ་ཤེས་དེ་དཔེ་གནད་འགག་ཆེན་པོ་རེད་འདུག ངས་མི་རིགས་ཀྱི་འདུ་ཤེས་དགོས་ཀྱི་འདུག་ཟེར་རྒྱུ་དེ། ང་བོད་པ་གཅིག་ཡིན་བསམ་པ་དེ་ཙམ་མ་རེད། མི་རིགས་འདི་ལ་གོམས་གཤིས་དང་། རིག་གནས། ལྟ་བ། འགན་འཁྲི་སོགས་ཐུན་མོང་མིན་པ་ག་རེ་ཡོད་ན།
དེ་དག་ང་རང་བོད་མིའི་ངོ་བོར་མཚོན་པའི་ཁྱད་ཆོས་ཤིག་ཡིན། དེ་དག་ང་ལ་ཚང་དགོས། དེ་དག་ང་ལ་ཚང་བ་དེ་ང་རང་གི་གཟི་བརྗིད་ཅིག་ཡིན་བསམ་པའི་ཐོག་ནས། རང་གིས་རང་ལ་ཡིད་ཆེས། རང་གིས་རང་ལ་གདེང་ཚོད། རང་གི་རང་ལ་དགའ་ཞེན་ཡོད་པ་དེ་འདྲ་ཅིག་ལ་ཞུ་བཞིན་ཡོད། དེ་ཡིན་དུས་རྣམ་པ་ཚང་མས་ངེས་པར་དེ་ཡི་ཐོག་ཏུ་ཤུགས་རྒྱག་རོགས་གནང་། དེ་རིང་ངས་འདི་ནས་དེ་འདྲ་ཞིག་ཡོང་བར་ཤོག་ཟེར་སྨོན་ལམ་དང་། དེ་འདྲ་ཞིག་གནང་རོགས་གྱིས་ཟེར་འབོད་སྐུལ་ཞུ་ཡི་ཡོད། དེ་ང་ཚོ་མི་རེ་རེ་ནས་བོད་མི་ཚད་ལྡན་གཅིག་དང་། འགན་འཁུར་ཅན་ཞིག་ཡོང་བ་ལ་ངེས་པར་དགོས་ཀྱིན་འདུག
ང་ཚོས་མི་རིགས་གཞན་པ་དེ་ཚོ་ལ་གཅིག་ལྟོས་དང་། ཁོང་ཚོ་ལ་སོ་སོ་མི་རིགས་ག་རེ་ཡིན་ན་དེ་ཡིན་བསམ་པའི་སྤོབས་པ་གཅིག་འདུག་འ།
དེ་ག་ནང་བཞིན་ང་ཚོ་ལའང་ང་བོད་པ་ཡིན་བསམ་པའི་སྤོབས་པ་ལྡན་པའི་རང་ཚུགས་ཤིག་ངེས་པར་དགོས་ཀྱི་འདུག ངས་གོང་གི་སྐད་ཆ་དེ་ཚོ་ང་ཚོ་རྒས་གཞོན་ཚང་མས་བསམ་བློ་གཏོང་ཕྱོགས་སྐོར་ཞུས་པ་ཡིན། དེ་ནས་དམིགས་བསལ་ང་ཚོ་ན་གཞོན་ཚོ་རེད། དེ་སྔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་གཙོས་པའི་མི་རབས་རྒན་པ་དེ་ཚོས་དམིགས་ཡུལ་དང་རེ་བ་ཚང་མ་ང་ཚོ་ལ་བཅོལ་ནས། མི་རིགས་འདི་ཡི་ཆེད་དུ་སྐུ་ངལ་དང་འོ་བརྒྱལ་དེ་འདྲ་ཞིག་གནང་ནས། ཆོས་དང་རིག་གཞུང་
ཚང་མ་ང་ཚོའི་ལག་ཏུ་བཞག་ཡོང་དུས། ད་ང་ཚོས་འགན་ཞིག་མ་ཁུར་ན་གཏན་ནས་མི་འགྲིགས་པའི་གནས་ཚུལ་གཅིག་ལ་བསླེབས་བསྡད་ཡོད་པ་རེད། འགན་ཁུར་དགོས་རྒྱུ་དེ་ཡང་སྤྱིར་བཏང་མང་པོ་ཡོད་རྒྱུ་རེད།
༼ ཡིན་ནའང་ང་རང་གིས་གཙོ་བོ་འདྲ་གསུམ་མཐོང་སོང་། ༽

གཅིག་དེ་དུས་རབས་ཀྱིས་སྤྲད་པའི་འགན་འཁྲི་རེད། དུས་རབས་ཀྱི་འགན་འཁྲི་འདི་ང་རང་ངོས་ནས་དཔེ་ཉེན་ཁ་ཅན་ཞིག་མཐོང་གིན་ཡོད། ད་ལྟ་ང་ཚོ་འཕྲུལ་ཆས་དང་དྲྭ་བའི་དུས་རབས་བསླེབས་ནས་བྱ་དངོས་མང་པོ་གསར་པ་ཐོན་ཡོང་གི་ཡོད་རེད། དེ་དག་ལ་ང་ཚོའི་སྐད་ཡིག་གི་ཐ་སྙད་གསར་པ་བཟོ་མ་ཐུབ་པ་དང་། ཁ་ཤས་བཟོ་ཐུབ་ཡོད་ནའང་བོད་པའི་སྤྱི་ཚོགས་ནང་ལ་ཡོངས་ཁྱབ་རེད་མ་ཐུབ་ནས་དེ་འདྲ་གི་ཐོག་ནས་དཀའ་ངལ་ཡོད་པ་རེད། དཀའ་ངལ་འདི་ང་ཚོས་འགྱོགས་པོར་སེལ་མ་ཐུབ་ན། དུས་རབས་དང་བསྟུན་པའི་ཅ་དངོས་གསར་པ་དེ་ཚོ་ནི་ང་ཚོའི་ལག་ལ་བསླེབས། དེའི་མིང་ནི་བོད་སྐད་ཐོག་ནས་མེད། དེ་འདྲ་རེད་ཡོང་དུས་དེ་ནས་སྐད་ཡིག་གཞན་བེད་སྤྱོད་མ་བྱེད་རང་བྱེད་རེད་ནས། རྗེས་མ་སྐད་རིགས་གཞན་པའི་ཐ་སྙད་དེ་ཚོ་ང་ཚོའི་སྐད་ཡིག་ནང་ཚུར་འཐིམ་ནས། རྗེས་མ་ང་ཚོས་བོད་པའི་ཐ་སྙད་ཅིག་བཟོ་ཐུབ་ནའང་དཔེ་དཀའ་ལས་ཁག་པོ་ཆགས་ཚར་རེད། གནས་ཚུལ་འདི་ཡི་ཐོག་ནས་ང་ཚོས་སྐད་ཡིག་ལ་ཧ་ཅང་གི་ཉེན་ཁ་ཆེན་པོ་གཅིག་མཐོང་གིན་ཡོད། བྱས་ཙང་། འདི་ང་ཚོས་ངེས་པར་མྱུར་དུ་སེལ་དགོས་པའི་དཀའ་ངལ་་ཆེ་ཤོས་གཅིག་རེད་དྲན་བཞིན་ཡོད། སྐད་ཡིག་དེ་མེད་ཚར་ན་དེ་ནས་མི་རིགས་ཀྱི་རིག་གཞུང་གཞན་པ་དེ་ཚོ་ཡང་ག་ལེར་བོར་ནས་རྗེས་མ་མི་རིགས་ཁོ་རང་ཡང་མེད་པའི་ཉེན་ཁ་ཆེན་པོ་ཡོད་རེད། འདི་ང་ཚོའི་སྐད་ཡིག་གི་སྐྱོན་མ་རེད། སྐད་ཡིག་བེད་སྤྱོད་བྱེད་མཁན་ང་ཚོས་དུས་རབས་ཀྱི་རྗེས་མ་ཟིན་པ་རེད། སྐད་རིགས་གཞན་པ་དེ་ཚོའི་ཐོག་ལ་ཡང་བྱ་དངོས་གསར་པ་ཐོན་རིམ་བཞིན་མིང་བཏགས་པ་རེད་མ་གཏོགས། མིང་ཚང་མ་དང་པོ་ནས་ཡོད། ཅ་དངོས་གསར་པ་རེ་བཟོ་དུས་མིང་ལེན་ཆོག་ཆོག་ཡོད་བསྡད་པ་དེ་འདྲ་མ་རེད། འདིའི་ཐོག་ལ་ང་ཚོ་ན་གཞོན་རྣམས་པས་ཤུགས་རྒྱག་ནས་ཐ་སྙད་གསར་བཟོ་དང་། ཡོད་པ་དེ་ཚོ་བོད་ཕྱི་ནང་གཉིས་ཀ་ལ་འགྲེམས་སྤེལ་བྱས་ནས་ཐུན་མོང་གི་གཅིག་གྱུར་ཅིག་ཡོང་བར་གནད་འགག་ཆེན་པོ་རེད་འདུག མི་རིགས་གཞན་པ་དེ་ཚོས་བྱ་དངོས་གསར་པ་ཧ་ལས་པ་དེ་འདྲ་བཟོ་ཡོང་དུས། ང་ཚོས་དེ་ལ་སོ་སོའི་སྐད་ཐོག་ནས་མིང་གཅིག་བཏགས་ཐུབ་དགོས་རྒྱུ་རེད་བ། བོད་ལ་ཐ་སྙད་གསར་པ་བཟོ་གནང་ནས་དེའི་སྐོར་ཕྱོགས་བསྒྲིགས་གནང་ནས་དཔེ་དེབ་དེ་འདྲ་མང་པོ་ཡོད་ས་རེད། འདི་ཚོ་དཔེ་མཛོད་ནང་ལ་ཞེ་དྲགས་མཐོང་རྒྱུ་མི་འདུག་འ། དངོས་གནས་བྱས་ན་དེ་ཚོ་ང་ཚོའི་སྤྱི་ཚོགས་ནང་ལ་ཡང་ནས་ཡང་དུ་འགྲེམས་སྤེལ་བྱེད་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད་ས་རེད།
དེ་ང་ཚོའི་འགན་ཐམས་ཅད་ཀྱི་ནང་ནས་ཆེ་ཤོས་རེད་དྲན་གི་ཡོད།

༼གཉིས་པ་དེ་ཁོར་ཡུག་གིས་སྤྲད་པའི་འགན་འཁྲི་རེད། ༽

ང་ཚོ་གོ་ལ་འདིའི་ཐོག་ཏུ་འཚོ་སྡོད་བྱེད་པའི་མི་གཅིག་ཡིན་པའི་ཆ་ནས་ཁོར་ཡུག་འདི་སྲུང་སྐྱོབ་དགོས་རྒྱུ་འགན་ཆེན་པོ་གཅིག་ཏན་ཏན་ཡོད་རེད། ཡིན་ནའང་ངས་དེ་རིང་དྲན་གསོ་ཙམ་ལས་དམིགས་བསལ་དེ་ཡི་ཐོག་ཞུ་གི་མིན། དེ་ལ་དོ་སྣང་དང་ནུས་པ་ཡོད་མཁན་རྣམ་པས་ཤུགས་རྒྱག་རོགས་ཟེར་ཞུ་རྒྱུ་ཡིན།
གསུམ་པ་དེ་བཟང་སྤྱོད་དང་མཐུན་སྒྲིལ་དགོས་རྒྱུ་དེ་རེད།
དེ་ཡང་ང་ཚོ་མི་རིགས་འདི་འཚེ་བ་མེད་པའི་ཆོས་ཉམས་ལེན་བྱེད་མཁན་ཞིག་དང་། གཞན་ཕན་གྱི་བསམ་བློ་དང་བྱམས་སྙིང་རྗེ་ཉམས་ལེན་བྱེད་མཁན་ཞིག་ཡིན་དུས་སེམས་ཀྱི་ཀུན་སྤྱོད་རིན་ཐང་བྲལ་བ་དེ་དག་གཞུང་ལུགས་དང་དཔེ་དེབ་ནང་བཤད་བཞག་པ་གཅིག་པུ་མ་ཡིན་པར་གང་ཟག་སོ་སོའའི་རྒྱུད་ལ་ཡོད་ཐུབ་པ་གཅིག་དང་། ༸གོང་ས་མཆོག་གིས་ནམ་རྒྱུན་ཆོས་ལུགས་དང་འབྲེལ་བའི་བཟང་སྤྱོད་རེད། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་མང་པོ་གསུངས་ནས། བཟང་སྤྱོད་དེ་ང་ཚོའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་ཞིག་དགོས་གསུངས་ནས་བཀའ་ཕེབས་ནང་བཞིན་ང་ཚོས་དེ་ཡི་ཐོག་རིག་པ་བསྒྲིམས་ནས་ཞུགས་དགོས་འདུག བཟང་སྤྱོད་ཡོད་ན་མཐུན་སྒྲིལ་ཟེར་རྒྱུ་དེ་ཡང་དེ་ག་རང་གི་སྟེང་ནས་བསླེབ་ཡོང་གི་རེད། ནམ་རྒྱུན་ང་ཚོ་སོ་སོའི་ཕ་ཡུལ་གཅིག་པ་དང་ཆོས་ལུགས་གཅིག་པ་ཆོལ་ཁ་གཅིག་པ་དེ་དག་ལ་དགའ་ཞེན་གཅིག་འདུག་འ།
དེ་སྤྱིར་བཏང་ང་ཚོ་སོ་སོར་སྐྱེ་བོ་གཅིག་ཡིན་དུས་སོ་སོའི་དགའ་ཕྱོགས་ལ་ཞེན་ཆགས་ཡོངས་ཀྱི་རེད། ཡིན་ནའང་ད་ལྟ་ང་ཚོས་དགའ་ཞེན་བྱེད་ས་དེ་མཚམས་འདྲ་དཔེ་སྡུག་ཅག་ཅིག་ལ་བསླེབས་ནས། སོ་སོ་དང་མི་རིགས་གཅིག་པ་ཡིན་པའི་འདུ་ཤེས་དེ་མེད་པར་བྱས། ཁ་གཏད་ཀྱི་བསམ་བློ་གཅིག་ཁུར་ནས་ཞེན་གོག་གཅིག་བཟོས་ཡོང་དུས། དེས་ང་ཚོའི་མི་རིགས་མཐུན་སྒྲིལ་བར་དཔེ་སྐྱོན་ཆེན་པོ་གཅིག་རེད་བཞག
ང་ཚོ་ན་གཞོན་རྣམ་པས་བསམ་བློ་རྒྱ་ཆེ་ཙམ་བཞེས་ནས། དཔེར་ན་ཆོལ་ཁའི་དགའ་ཞེན་འདྲ་ཞིག་ཡིན་ན་ཁོ་རིམ་པ་གཅིག་སྤར་ནས་བོད་མི་རིགས་གཅིག་ཡིན་པའི་ཆ་ནས་དགའ་ཞེན་ཞིག་གནང་ན། ཆོས་ལུགས་དེ་ཡང་རིམ་པ་གཅིག་སྤར་ནས་སངས་རྒྱས་ཀྱི་ཆོས་ལུགས་གཅིག་ཡིན་པའི་ཆ་ནས་དགའ་ཞེན་ཅིག་གནང་ཐུབ་ན་དཔེ་ཡག་པོ་འདུག ཞེན་གོག་ཁ་ཤས་ཀྱིས་གཞན་པ་གཅིག་ཟུར་དུ་ཕར་ཕུད་ནས། དེ་དང་མི་མཐུན་པ་བཟོས་ནས་གཏོར་བཤིག་གཏོང་བྱེད་ཀྱི་ཞེན་པ་གཅིག་འདུག་འ། དེ་དངོས་གནས་ང་ཚོས་མེད་པ་བཟོ་དགོས་འདུག

དཔེར་ན་སྔོན་མར་ང་མི་གཅིག་ཐུག་སོང་། སྤྱིར་བཏང་དེ་ཚོའི་ཐོག་ཏུ་༸གོང་ས་མཆོག་ནས་མི་རིགས་དང་ཆོས་ལུགས་བར་དུ་མཐུན་སྒྲིལ་བྱེད་སྟངས་དང་། བོད་མི་གཅིག་ཡིན་པའི་ཆ་ནས་སྐད་ཡིག་གིས་མཚོན་པས་མི་རིགས་ཀྱི་རིག་གཞུང་དང་། མི་རིགས་ཀྱི་བཟང་སྤྱོད། གོམས་གཤིས་དེ་དག་ཐོག་ཏུ་བཀའ་སློབ་མང་པོ་ཕེབས་ཚར་རེད། ༸གོང་ས་མཆོག་གིས་གསུངས་གཞག་པའི་བཀའ་སློབ་ལམ་སྟོན་དེ་ཚོ། ང་ཚོས་འགན་ཁུར་ཡོད་པའི་ཐོག་ནས་གང་ཐུབ་ཐུབ་ཅིག་ལག་ལེན་བསྟར་ནས། ཁོང་ད་ལྟ་དགུང་ལོ་ཆེན་པོ་འདི་འདྲར་ཕེབས་པ་རེད་དེ། ད་དུང་བསྟན་པ་དང་སེམས་ཅན་གྱི་དོན་དུ་འོ་བརྒྱལ་འདི་འདྲ་གནང་དུས། ང་ཚོས་དངོས་གནས་ཁོང་གི་བཀའ་བཞིན་ཆ་ཚང་སྒྲུབ་མ་ཐུབ་ན་ཡང་། ཁོང་གི་ཐུགས་ལ་བོད་མི་འདི་ཚོས་ནུས་པ་དང་ཆ་རྐྱེན་གྱི་ཐོག་ནས་སྒྲུབ་ཐུབ་མི་ཐུབ་རེད་མ་གཏོགས། རེ་བ་དང་བསམ་པའི་ཐོག་ནས་ངའི་ཁ་ལ་ཉན་གི་འདུག་བསམ་པ།
དེ་འདྲ་ཞིག་གནང་རོགས་ཟེར་འབོད་བསྐུལ་ཞུ་བཞིན་ཡོད། གཞན་ཞུ་རྒྱུ་གཅིག་ལ། ད་ལོ་༸གོང་ས་མཆོག་དགུང་སྐེག་ལ་ཁེལ་བསྡད་ཡོད་དུས། རྩ་བའི་ཆ་ནས་དགེ་སྒྲུབ་སྡིག་སྤོང་གང་ཐུབ་ཐུབ་གནང་རྒྱུ་དང་།
ལྷག་པར་ཁོང་གི་ཞབས་བརྟན་གསོལ་འདེབས་དེ་ཚོ་འདོན་ནས་ཁོང་གི་སྐུ་གསུང་ཐུགས་གསུམ་ལ་བར་ཆད་ཀྱི་ཆ་ཕྲ་མོ་ཙམ་ཡང་མི་འབྱུང་བའི་གསོལ་འདེབས་སྨོན་ལམ་གང་མང་མང་གནང་རོགས་ཟེར་ཞུ་རྒྱུ་ཡིན།།

དེ་རིང་ང་རང་༸གོོང་ས་༸སྐྱབས་མགོན་ཡིད་བཞིན་ནོར་བུའི་མཚན་གྱི་བྱིན་རླབས་ཐོབ་བསྡད་པའི་མཐོ་སློབ་འདིའི་ནང་དུ་གཏམ་བཤད་བྱེད་པའི་གོ་སྐབས་བྱུང་བར་དངོས་གནས་སྐལ་བ་བཟང་པོ་ཞིག་ཡིན་བསམ་ནས་ཧ་ཅང་གི་དགའ་བོ་བྱུང་། འདི་གོ་སྒྲིག་གནང་མཁན་ཡོངས་ལ་བཀའ་དྲིན་དང་ཐུགས་རྗེ་ཆེ་ཟེར་ཞུ་རྒྱུ་ཡིན།

ཉེ་འཆར་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་༧ ཏཱ་ལའི་བླ་མའི་མཐོ་སློབ་ཁང་དུ་༧སྐྱབས་རྗེ་འཁོན་གདུང་ཨ་བཱི་ཀྲྀ་ཏ་རིན་པོ་མཆོག་གིས་བོད་སྐད་ཡིག་དང་ན་གཞོན་གྱི་འོས་འགན་ཞེས་པའི་བརྗོད་གཞིའི་ཐོག་བསྩལ་བའི་བཀའ་སློབ། >>

དེ་སྤྱིར་བཏང་ང་ཚོ་སོ་སོར་སྐྱེ་བོ་གཅིག་ཡིན་དུས་སོ་སོའི་དགའ་ཕྱོགས་ལ་ཞེན་ཆགས་ཡོངས་ཀྱི་རེད། ཡིན་ནའང་ད་ལྟ་ང་ཚོས་དགའ་ཞེན་བྱེད་ས་དེ་མཚམས་འདྲ་དཔེ་སྡུག་ཅག་ཅིག་ལ་བསླེབས་ནས། སོ་སོ་དང་མི་རིགས་གཅིག་པ་ཡིན་པའི་འདུ་ཤེས་དེ་མེད་པར་བྱས། ཁ་གཏད་ཀྱི་བསམ་བློ་གཅིག་ཁུར་ནས་ཞེན་ཁོག་གཅིག་བཟོས་ཡོང་དུས། དེས་ང་ཚོའི་མི་རིགས་མཐུན་སྒྲིལ་བར་དཔེ་སྐྱོན་ཆེན་པོ་གཅིག་རེད་བཞག
ང་ཚོ་ན་གཞོན་རྣམ་པས་བསམ་བློ་རྒྱ་ཆེ་ཙམ་བཞེས་ནས། དཔེར་ན་ཆོལ་ཁའི་དགའ་ཞེན་འདྲ་ཞིག་ཡིན་ན་ཁོ་རིམ་པ་གཅིག་སྤར་ནས་བོད་མི་རིགས་གཅིག་ཡིན་པའི་ཆ་ནས་དགའ་ཞེན་ཞིག་གནང་ན། ཆོས་ལུགས་དེ་ཡང་རིམ་པ་གཅིག་སྤར་ནས་སངས་རྒྱས་ཀྱི་ཆོས་ལུགས་གཅིག་ཡིན་པའི་ཆ་ནས་དགའ་ཞེན་ཅིག་གནང་ཐུབ་ན་དཔེ་ཡག་པོ་འདུག ཞེན་ཁོག་ཁ་ཤས་ཀྱིས་གཞན་པ་གཅིག་ཟུར་དུ་ཕར་ཕུད་ནས། དེ་དང་མི་མཐུན་པ་བཟོས་ནས་གཏོར་བཤིག་གཏོང་བྱེད་ཀྱི་ཞེན་པ་གཅིག་འདུག་འ། དེ་དངོས་གནས་ང་ཚོས་མེད་པ་བཟོ་དགོས་འདུག

དཔེར་ན་སྔོན་མར་ང་མི་གཅིག་ཐུག་སོང་། སྤྱིར་བཏང་དེ་ཚོའི་ཐོག་ཏུ་༸གོང་ས་མཆོག་ནས་མི་རིགས་དང་ཆོས་ལུགས་བར་དུ་མཐུན་སྒྲིལ་བྱེད་སྟངས་དང་། བོད་མི་གཅིག་ཡིན་པའི་ཆ་ནས་སྐད་ཡིག་གིས་མཚོན་པས་མི་རིགས་ཀྱི་རིག་གཞུང་དང་། མི་རིགས་ཀྱི་བཟང་སྤྱོད། གོམས་གཤིས་དེ་དག་ཐོག་ཏུ་བཀའ་སློབ་མང་པོ་ཕེབས་ཚར་རེད། ༸གོང་ས་མཆོག་གིས་གསུངས་གཞག་པའི་བཀའ་སློབ་ལམ་སྟོན་དེ་ཚོ། ང་ཚོས་འགན་ཁུར་ཡོད་པའི་ཐོག་ནས་གང་ཐུབ་ཐུབ་ཅིག་ལག་ལེན་བསྟར་ནས། ཁོང་ད་ལྟ་དགུང་ལོ་ཆེན་པོ་འདི་འདྲར་ཕེབས་པ་རེད་དེ། ད་དུང་བསྟན་པ་དང་སེམས་ཅན་གྱི་དོན་དུ་འོ་བརྒྱལ་འདི་འདྲ་གནང་དུས། ང་ཚོས་དངོས་གནས་ཁོང་གི་བཀའ་བཞིན་ཆ་ཚང་སྒྲུབ་མ་ཐུབ་ན་ཡང་། ཁོང་གི་ཐུགས་ལ་བོད་མི་འདི་ཚོས་ནུས་པ་དང་ཆ་རྐྱེན་གྱི་ཐོག་ནས་སྒྲུབ་ཐུབ་མི་ཐུབ་རེད་མ་གཏོགས། རེ་བ་དང་བསམ་པའི་ཐོག་ནས་ངའི་ཁ་ལ་ཉན་གི་འདུག་བསམ་པ།
དེ་འདྲ་ཞིག་གནང་རོགས་ཟེར་འབོད་བསྐུལ་ཞུ་བཞིན་ཡོད། གཞན་ཞུ་རྒྱུ་གཅིག་ལ། ད་ལོ་༸གོང་ས་མཆོག་དགུང་སྐེག་ལ་ཁེལ་བསྡད་ཡོད་དུས། རྩ་བའི་ཆ་ནས་དགེ་སྒྲུབ་སྡིག་སྤོང་གང་ཐུབ་ཐུབ་གནང་རྒྱུ་དང་།
ལྷག་པར་ཁོང་གི་ཞབས་བརྟན་གསོལ་འདེབས་དེ་ཚོ་འདོན་ནས་ཁོང་གི་སྐུ་གསུང་ཐུགས་གསུམ་ལ་བར་ཆད་ཀྱི་ཆ་ཕྲ་མོ་ཙམ་ཡང་མི་འབྱུང་བའི་གསོལ་འདེབས་སྨོན་ལམ་གང་མང་མང་གནང་རོགས་ཟེར་ཞུ་རྒྱུ་ཡིན།།

དེ་རིང་ང་རང་༸གོོང་ས་༸སྐྱབས་མགོན་ཡིད་བཞིན་ནོར་བུའི་མཚན་གྱི་བྱིན་རླབས་ཐོབ་བསྡད་པའི་མཐོ་སློབ་འདིའི་ནང་དུ་གཏམ་བཤད་བྱེད་པའི་གོ་སྐབས་བྱུང་བར་དངོས་གནས་སྐལ་བ་བཟང་པོ་ཞིག་ཡིན་བསམ་ནས་ཧ་ཅང་གི་དགའ་བོ་བྱུང་། འདི་གོ་སྒྲིག་གནང་མཁན་ཡོངས་ལ་བཀའ་དྲིན་དང་ཐུགས་རྗེ་ཆེ་ཟེར་ཞུ་རྒྱུ་ཡིན།

༼གསལ་བཤད་ཚུལ་དུ་་ཞུ་རྒྱུ།
གོང་གི་༧ སྐྱབས་རྗེ་འཁོན་གདུང་རིན་པོ་ཆེའི་གསུང་སྒྲར་ཕབ་སྐབས། སྐབས་རེར་བརྙན་གྱི་སྒྲ་གསལ་པོ་མེད་པས་ཆད་ལྷག་ཤོར་བ་དང་། སྒྲར་ཕབ་སྟངས་ཡིག་སྐད་དང་བརྡ་སྤྲོད་ཀྱི་འགྲོས་དང་བསྟུན་གང་ཐུབ་ཞུས། ཡིན་ནའང་། འགལ་འཛོལ་ཅི་རིགས་ཤིག་ཡོད་ཉེན་ཆེ་བས་བཟོད་གསོལ་ཞུ། གུས་མཁན་དར་རྒྱས་སམ་མེ་ལོང་གིས།༽

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།

*