དེ་རིང་༧འཁོན་གདུང་ཨ་སངྒ་བཛྲ་རིན་པོ་ཆེ་མཆོག་གི་འཁྲུངས་བསུ།

དེ་རིང་༧སྐྱབས་མཆོག་༧གོང་མ་འཁོན་གདུང་ཨ་སངྒ་བཛྲ་རིན་པོ་ཆེ་མཆོག་གིས་སྐུ་ཡི་འཁྲུངས་སྐར་ཉིན། ཞོགས་པ་ས་པཎ་ལྔ་རིག་མཐོ་སློབ་དང་། ས་སྐྱ་བཙུན་མོའི་མཐོ་སློབ་གཉིས་ཀྱི་དགེ་སློབ་ཡོངས་ལ་ཆོས་ཀྱི་ལེགས་སྐྱེས་སུ་འཆི་མེད་ཚེ་དབང་ཟབ་མོ་བཀའ་དྲིན་གནང་བའི་རྗེས། ༧སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་རིན་པོ་ཆེ་དང་། ༧སྐྱབས་རྗེ་ཁང་གསར་ཞབས་དྲུང་རིན་པོ་ཆེ། སྒྲོལ་མ་ཕོ་བྲང་གི་བདག་མོ་སྐལ་ལྡན་ལགས་དང་། བདག་མོ་བསོད་ནམས་ལགས་ཀྱི་སྐུ་ཚབ། དེ་བཞིན་ས་སྐྱ་ཆོས་སྒར་གྱི་དབུ་འཛིན་བསོད་ནམས་ཆོས་རྒྱལ་དང་། ངོར་མ་མགོན་གྱི་དགེ་ངག་དབང་བསྟན་པ་ལགས། བཙུན་དགོན་རིན་ཆེན་ཆོས་གླིང་གི་མཁན་པོ་དང་། དེ་བཞིན་ཐར་རྩེ་བླ་བྲང་གི་སྐུ་ཚབ་སོགས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་གནང་སོང་། ཉིན་དགུང་གསོལ་ཚིགས་རི་ཇིན་ཏ་མགྲོན་ཁང་དུ་གནང་བ་དང་། ཕྱི་དྲོ་ཨ་སངྒ་རིན་པོ་ཆེ་དབུ་བཞུགས་ཐོག་ས་པཎ་ལྔ་རིག་མཐོ་སློབ་དང་། ས་སྐྱ་བཙུན་མོའི་མཐོ་སློབ་གཉིས་ཀྱི་ཁུར་ཡུག་ལྡུམ་རྭ་ནང་མེ་ཏོག་འདེབས་པའི་ལེགས་སྐྱེས་གནང་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*