༸མཆོག་སྤྲུལ་སྡེ་གཞུང་རིན་པོ་ཆེ་མཆོག་གི་རྣམ་ཐར་དབུ་འབྱེད་གནང་འདུག

བོད་ཟླ་བ་དང་པོའི་ཚེས་ཉེེར་ལྔ་ཕྱི་ཟླ་གསུམ་པའི་ཚེས་གཅིག་ཉིན་འཕགས་ཡུལ་༼རཇ་པུར༽རྒྱལ་པོའི་གྲོང་བཞུགས་སྒར་སྒྲོལ་མ་ཕོ་བྲང་དུ།  ༧སྐྱབས་མཆོག་འཁོར་ལོའི་མགོན་པོ་ངེས་པ་དོན་གྱི་རྡོ་རྗེ་འཆང་དངོས་ ༧ སྐྱབས་མགོན་ ༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༧ སྐྱབས་མགོན་ ༧ གོང་མ་ཁྲི་འཛིན་རྡོ་རྗེ་འཆང་ཆེན་པོ་མཆོག    ངོར་ཆེན་རྒྱལ་བའི་རྒྱལ་ཚབ་ ༧ སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་རྣམ་གསུམ་ནས་དཔལ་ས་སྐྱའི་བསྟན་འཛིན་སྐྱེས་བུ་དམ་པ་ ༧ སྐྱབས་རྗེ་བདེ་བར་གཤེགས་པ་སྡེ་གཞུང་རིན་པོ་ཆེ་བྱམས་པ་ཀུན་དགའ་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གི་རྣམ་ཐར་སྟོད་ཆ་སྨད་ཆ་གཉིས་དང་། ཐར་ལམ་མཁན་པོ་བདེ་བར་གཤེགས་པ་འཇམ་དབྱངས་ཤེས་རབ་མཆོག་ཀྱི་རྣམ་ཐར་བཅས་ཞལ་འབྱེད་བཀའ་དྲིན་བསྐྱངས་གནང་མཛད་གནང་འདུག 


རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*