དཔལ་ས་སྐྱའི་༧འཁོན་གདུང་ཨ་བྷ་ཡ་བཛྲ་རིན་པོ་ཆེ་མཆོག་གནས་ཁྱད་པར་ཅན་རྡོ་རྗེ་གདན་དུ་བསྙེན་པར་རྫོགས་གནང་འདུག

དེ་རིང་བོད་རྒྱལ་ལོ་ ༢༡༤༦ རབ་གནས་ས་ཕག་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔ་དང་། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༢ ཚེས་ ༡༩ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་འདིར་བདག་ཅག་གི་སྟོན་པ་མངོན་པར་རྫོགས་པར་འཚང་རྒྱ་བའི་གནས་མཆོག་རྡོ་རྗེ་གདན་དུ་མཚན་མཆོག་གསུམ་ལྡན་༸དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་༸སྐྱབས་རྗེ་འཁོན་གདུང་ཨ་བྷ་ཡ་བཛྲ་རིན་པོ་ཆེའམ་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་མཆོག་མགོན་པོ་གང་ཉིད་ཀྱི་ཐུགས་མོས་ལྟར་བསྙེན་པ་རྫོགས་གནང་འདུག   དེ་ཡང་བསྙེན་རྫོགས་མཁན་པོ་༸སྐྱབས་མཆོག་ངོར་ཤར་ཆེན་ཀླུ་ལྡིང་པ་མཁན་རིན་པོ་ཆེ་འཇམ་དབྱངས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གིས་སྐུ་མདུན་ནས་བསླབ་་པ་ཀུན་གྱི་ཕྱི་མོར་གྱུར་པ་ཚིགས་ཕྱི་མ་བསྙེན་པར་རྫོགས་པ།  དེ་ཡང་ལས་སློབ་ཀླུ་ལྡིང་མཁན་གཞོན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་མཆོག  གསང་སྟེ་སྟོན་པ་མཁན་རིན་པོ་ཆེ་ལུང་རིགས་སེངྒེ་མཆོག  དུས་གོ་བ་མཁན་རིན་པོ་ཆེ་དཀོན་མཆོག་རྒྱལ་མཚན་མཆོག་དང་གདོང་ཚང་ཞབས་དྲུང་རིན་པོ་ཆེ་མཆོག་སོགས་དགེ་སློང་གྲངས་ཚང་གི་དབུས་སུ་ཚིགས་ཕྱི་མ་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་ལེགས་པར་བཞེས་གནང་འདུག  


རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*