ས་སྐྱ་ཞིབ་འཇུག་ཅེས་པའི་རྩོམ་བསྡུའི་གསལ་བསྒྲགས།

            ༼ས་སྐྱ་ཞིབ་འཇུག་ཅེས་པའི་རྩོམ་བསྡུའི་བརྡ་ཐོ།༽

རྒྱལ་ཕྱི་ནང་ཀུན་ན་བཞུགས་པའི་ཡོངས་རྫོགས་བསྟན་པའི་མངའ་བདག་དཔལ་ལྡན་ས་སྐྱ་པའི་མཁས་དབང་ལུང་རིགས་སྨྲ་བ་རྣམས་ཀྱི་གཙོས། རྒྱ་ཆེའི་སྙུག་ཐོག་པ་ཡོངས་ཀྱི་སྤྱན་སྔར་གུས་ཞུ།


ང་ཚོས་འདི་ནས་བསྟན་པ་སྤྱི་བྱེ་ལ་ཞབས་འདེགས་ཕྲན་བུ་ཙམ་བསྒྲུབ་ཐུབ་བ་མ་སྙམ་པ་དང་། བོད་ཀྱི་གཞོན་སྐྱེས་རྩོམ་པ་ཡོངས་ལ་ལུང་རིགས་ཀྱི་སྒེག་ཉམས་ངོམ་པའི་གར་སྟེགས་ཆུང་ཆུང་ཞིག་སྟེ། ས་སྐྱ་ཞིབ་འཇུག་ཅེས་པའི་ལོ་དེབ་ཅིག་བསྐྲུན་འཆར་ལ། ཁྱེད་རྒྱ་ཆེའི་རྩོམ་པ་པོ་རྣམ་པས་འོག་གི་དོན་ཚན་དེ་དག་གཙིགས་སུ་བཟུང་ནས། ཆེད་རྩོམ་གྱ་ནོམ་པ་རེའི་རོགས་སྐྱོར་ཡོད་པ་ཞུ།
༡༽ གཞུང་པོད་ཆེན་དྲུག་དང་གྲགས་ཆེན་བཅོ་བརྒྱད་རང་ལུགས་ཡིག་ཆའི་དོགས་དཔྱོད་སྐོར།
༢༽ ཆོས་རྗེ་ས་པཎ་དང་ཤོངས་དཔང་ཞྭ་ལུ་སོགས་ཀྱི་ཐུན་མོང་རིག་གནས་ཀྱི་སྐོར།
༣༽ གསུང་ངག་ལམ་འབྲས་གཙོས་པའི་གསང་བ་སྔགས་ཀྱི་སྐོར།
༤༽ ས་ངོར་ཚར་རྫོང་བོ་ཞལ་སོགས་ཀྱི་ཆོས་འབྱུང་ལོ་རྒྱུས་དང་རྣམ་ཐར་སྐོར།
༥༽ ས་སྐྱའི་བླ་ཆེན་རྣམ་པའི་བཀའ་སློབ་་ཡིག་ཐོག་ཏུ་ཕབ་པའི་སྒྲ་ཟིན་སྐོར།
༦༽ རྒྱལ་ཕྱི་ནང་གི་ས་སྐྱའི་དགོན་སྡེ་དང་ཆོས་ཚོགས་ཁག་གི་གནས་བབ་སྐོར།
༧ ༽ མ་འོངས་པར་བསྟན་པ་དར་སྤེལ་དང་རྒྱུན་འཛིན་ཐད་ཀྱི་བསམ་ཚུལ་སྐོར།
༨༽ སྔོན་བྱོན་མཁས་གྲུབ་རྣམ་པའི་གསུང་རབ་དཔེ་དཀོན་ངོ་སྤྲོད་དང་འབྲེལ་དཔེ་སྐྲུན་སྐོར།
༩༽ ས་སྐྱའི་བླ་ཆེན་རྣམ་པའི་མཛད་ཕྲིན་གཙོ་གྲས་ཀྱི་པར་དང་གནས་ཚུལ་གསར་འགོད་སྐོར་བཅས་སོ།།


གོང་གསལ་དེ་དག་ལས་གང་རུང་རེ་སྲོག་ཏུ་བཟུང་བའི་རྩོམ་ཡིག་རེའི་རྒྱབ་སྐྱོར་གནང་བའི་རེ་བའི་འབོད་བརྡ་གཏོང་བཞིན་ཡོད། ཚང་དགོས་པའི་ཆ་རྐྱེན་ནི། ༡ མང་ཉུང་རན་པ། ༢ ཆོས་སྲིད་གང་ལ་ཡང་འགལ་བ་མེད་པ། ༣ སྤྱི་སྒེར་སུས་མ་བཀོལ་བ། ༤ རྩོམ་ལུས་ལྷུག་རྩོམ་ཡིན་དགོས་པ། ༥ དུས་ཡུན་སྤྱི་ཟླ་ལྔ་པ་དང་བོད་ལུགས་ས་ག་ཟླ་བའི་ཚེས་གཅིག་ཚུན་ལ་རྩོམ་སྒྲིག་པའི་ལག་ཏུ་འཕྲོད་དགོས་པ། ༦ རྩོམ་སྒྲིག་པས་ས་སྐྱ་ཞིབ་འཇུག་ཏུ་འགོད་ཐུབ་པའི་བརྡ་མ་འཕྲོད་བར་དུ་གཞན་དུ་མི་བཀོད་རྒྱུ། ༧ ཁྱེད་ཀྱི་རྩོམ་ལ་ཨང་རབ་འབྲིང་ཐ་གསུམ་དང་ཕུལ་བྱུང་སོགས་ཀྱི་བྱ་དགའ་ཐོབ་ཚེ་ས་སྐྱ་ཞིབ་འཇུག་གི་རྐང་འཛིན་རྩོམ་པ་པོའི་འགན་འཁུར་དགོས་པ་བཅས་སོ།།
ས་སྐྱ་ཞིབ་འཇུག་རྩོམ་སྒྲིག་ཁང་ནས། ༢༠༡༩ ལོའི་ ༡ ཚེས་ ༥ ཉིན།

མཆན། གཤམ་འོག་གི་སྐད་འཕྲིན་དྲ་མིག་འདི་ལ་འབྲེལ་གཏུག་དང་རྩོམ་ཡིག་ཁག་བསྐུར་རོགས་གནང་།

སྐད་འཕྲིན་ཁ་བྱང་།  Akujamlo  ལ་ཡང་རྩོམ་ཡིག་བསྐུར་ན་ཆོག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*