༧པཎ་ཆེན་རིན་པོ་ཆེའི་དགོངས་རྫོགས་ཐོག་༧ ས་སྐྱ་༧ གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ཚོགས་མགོན་ཆིབས་བསྒྱུར་གནང་འདུག

བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༨ དང་བོད་ཟླ་ ༡༡ ཚེས་ ༢༡ ཉིན་གནས་མཆོག་རྡོ་རྗེ་གདན་དུ་ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོ་ཀུན་གཟིགས་ཡེ་ཤེས་ཀྱི་ཉི་མ་ཆེན་པོ་༧སྐྱབས་མགོན་༧པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་བགྲང་བྱ་ཧྲིལ་པོ་སུམ་ཅུ་འཁོར་བའི་རྗེས་དྲན་དགོངས་རྫོགས་མཆོད་འབུལ་ཞིག་དགོང་དྲོ་མཆོད་རྟེན་རིན་པོ་ཆེའི་སྐུ་མདུན་དུ་ཇི་ལྟར་གསོལ་བ་བཏབ་པ་བཞིན་དཔལ་ས་སྐྱ་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། དགའ་ལྡན་རྒྱལ་བའི་གདུང་ཚོབ་༧སྐྱབས་རྗེ་ཁྲི་རིན་པོ་ཆེ་མཆོག ༧སྐྱབས་རྗེ་ཁྲི་ཟུར་རིན་པོ་ཆེ། ༧སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ། རི་བོ་དགེ་ལུགས་པའི་གདན་ས་ཆེན་པོ་བཞི་དང་རྒྱུད་གྲྭ་སྟོད་སྨད་གཙོས་རིས་མེད་ཆོས་སྒར་ཁག་གི་༧སྐྱབས་རྗེ་མཁན་རིན་པོ་ཆེ་རྣམ་པ་དང་མཁན་ལས་ཟུར་རྣམ་པ། ༧སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་སོགས་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་དང་། རིས་སུ་མ་ཆད་པའི་དགེ་འདུན་པ་དང་བཙུན་མ། སྔགས་འཆང་སོགས་དད་ལྡན་སེར་སྐྱ་ཁྲི་ཕྲག་བརྒལ་བ་ཕེབས་ནས་མཆོད་རྟེན་རིན་པོ་ཆེའི་མཐའ་སྐོར་དུ་སྣ་ལྔའི་མཆོད་པ་གཡོ་མེད་ཅིང་བཀོད་པས་མཛེས་པར་བཤམས་ཤིང་བླ་མ་མཆོད་པ་དང་འབྲེལ་བའི་འབུམ་ཚོགས་གནང་འདུག  

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*