ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འགྲོ་མགོན་ཆོས་འཕགས་དང་མཁན་ཆེན་ཨ་པད་རྣམ་གཉིས་ཀྱི་དགོངས་རྫོགས།

དེ་རིང་བོད་ཟླ་༡༡ པའི་ཚེས ༢༢ ཉིན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་རིན་པོ་ཆེའམ་བློ་གྲོས་རྒྱལ་མཚན་མཆོག་གི་དགོངས་རྫོགས་རྗེས་དྲན་ཡིན་པས་རྣམ་པ་ཚོས་ཁོང་གི་བཀའ་དྲིན་དང་རྗེས་དྲན་གྱི་སྒོ་ནས་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་འབད་འབུང་གནང་འཚལ་ཞེས་རེ་བསྐུལ་དང་སྦྲགས།  རང་ཅག་སློབ་འབངས་རྣམས་ཡོངས་ཀྱི་དགེ་བའི་གཤེས་གཉེན་ཆེན་མོ་སྐྱབས་རྗེ་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཡོན་ཏན་བཟང་པོའམ་ཡོངས་གྲགས་སུ་མཁན་ཆེན་ཨ་པད་རིན་པོ་ཆེ་མཆོག་དགོངས་རྫོགས་ཡང་བོད་ཟླ་༡༡ པའི་ཚེས ༢༢ ཡིན་པ་དང་།   ད་རན་གནས་མཆོག་རྡོ་རྗེ་གདན་དུ་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་འཚོགས་བཞིན་པའི་སྟབས་ལེགས་སྐབས་ཁེལ་གྱིས་མ་བསྒྲིགས་ལྷུན་གྲུབ་ཀྱི་དུས་བཟང་ཞིག་འདིར་མཁན་ཆེན་མཆོག་གི་དགོངས་རྫོགས་གོ་སྒྲིག་པ་ས་སྐྱ་མཐོ་རིམ་སློབ་གྲྭ་ཆེན་མོ་དང་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་ཐུན་མོང་མཉམ་རུབ་ཀྱིས་གོ་སྒྲིག་བྱེད་པ་རེད་འདུག  དེ་རིང་འགྲོ་མགོན་ཆོས་རྒྱལ་འཕགས་རིན་པོ་ཆེ་མཆོག་དང་མཁན་ཆེན་ཨ་པད་རིན་པོ་ཆེ་རྣ་གཉིས་ཀྱི་དགོངས་རྫོགས་ཆེན་མོའི་ཚོགས་མགོན་དུ་༧ སྐྱབས་མགོན་ས་སྐྱ་༧ གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་ཕོ་བྲང་རྣམ་གཉིས་ཀྱི་འཁོན་གདུང་རྣམ་པ།  ངོར་ཐར་རྩེ་མཁན་ཆེན།  ཞབས་དྲུང་རྣམ་པ།  བཤད་གྲྭ་ཁག་གི་མཁན་ཆེན་རྣམ་པ།  དེ་བཞིན་དུ་གྲྭ་བཙུན་སྔགས་གསུམ་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་ཆོས་ཞུ་པ་ཡོངས་ཀྱི་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུན་ལྗོན་ཤིང་གཤམ་འོག་ཏུ་བཟང་སྤྱོད་སྨོན་ལམ་སོགས་ཀྱིས་མཐའ་བརྒྱན་ཏེ་ཚོགས་བསགས་དགེ་སྒྲུབ་སྡིག་སྤོང་གི་དཔལ་ལ་དགྱེས་སྟོན་གྱིས་དུས་འདའ་བཞིན་རེད་འདུག  ༢༠༡༨/༡༢/༢༩ 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*