ས་སྐྱ་པཎ་ཆེན་རྗེས་སུ་དྲན་པ།

ས་སྐྱ་པཎ་ཆེན་རྗེས་སུ་དྲན་པ།

རྩོམ་པ་པོ། རྫོགས་ཆེན་བཤད་གྲྭའི་མཁན་པོ་འཇམ་དཔལ་བསྟན་འཛིན།

འཇམ་དབྱངས་ལྷ་ཁྱོད་ས་དཀར་བསྟན་པའི་དཔལ།།
རིས་མེད་བསྟན་ལ་བསྟན་པའི་རྒྱལ་མཚན་བཙུགས།།
རིག་པའི་གནས་ལྔ་ཁྱེད་ཀྱི་ཐུགས་མཚོ་ལས།།
བྱུང་ཞེས་སྨྲ་ལ་སྤོབས་པ་རབ་ཏུ་རྨད།།

ཆོས་ལུགས་གཅིག་གྱུར་ཕྱོགས་ལ་ཐུགས་མ་དགྱེས།།
རང་བསྟན་རང་གིས་འཛིན་པའི་བསྐུལ་མ་གནང་།།
ཞ་མོའི་ཁ་དོག་རྩོད་གཞིར་མ་བཟུང་བར།།
བཅུ་ཕྲག་རིག་པའི་སྒོ་མོ་ཁྱེད་ཀྱིས་འབྱེད།།

ཤར་རིའི་རྩེ་ནས་ཟེར་བརྒྱའི་འོད་ཐིག་དང་།།
གངས་རིའི་རྩེ་ནས་ངར་སྐད་ཇི་བཞིན་དུ།།
ཁ་བའི་ལྗོངས་སུ་རིག་པའི་སྒྲ་ཆེ་བ།།
འཇམ་མགོན་ས་དཀར་པཎ་ཆེན་དེ་རིང་དྲན།།

འཆད་དུས་ངག་གི་དབང་པོ་ཁ་སྐྱེངས་ཤིང་།།
རྩོད་ན་ཆོས་ཀྱི་གྲགས་པ་ཟིལ་གྱིས་གནོན།།
རྩོམ་ལ་ཐོགས་མེད་ཁ་བའི་དབྱུགས་པ་ཅན།།
རྒྱལ་བསྟན་ཉི་མ་སླར་ཡང་གསོན་པོར་བྱས།།

ཤར་མི་ཉག་པ་འཇམ་དཔལ་བསྟན་འཛིན་ནས།
༢༠༡༨/༡༢/༢༡ ཉིན།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*