ཐོག་མའི་གསལ་བསྒྲགས།

༄༅། །མཁྱེན་དཔྱོད་ཟབ་ཅིང་ཡངས་པའི་དཔལ་ས་སྐྱའི་ཆོས་བརྒྱུད་འཛིན་པའི་བླ་སྤྲུལ་མཁན་པོ་རྣམ་པ་དང་། ལོ་ཙཱ་བ། རྩོམ་པ་པོ་ལྷན་རྒྱས་ཀྱི་སྐུ་དྲུང་དུ།

                                                                                                                                                                               ཞུ་གསོལ།         

                  དེང་སྐབས་བརྡ་འཕྲིན་གྱི་དུས་རབས་ཤིག་ཏུ་སོང་། མངོན་ལྐོག་གི་ཆ་འཕྲིན་མང་པོ་ཞིག་དུས་དེབ་རིགས་ཀྱི་རྒྱ་ཁྱབ་ལས་བརྒལ་ཞིང༌། ཁ་པར་དང་འཕྲུལ་ཆས་ལས་ཕྱག་དཔེ་དང་གསར་འགྱུར་སོགས་ཀློག་མཁན་ཉིན་རེ་ལས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་པའི་སྐབས་འདིར། བདག་གིས་ཀྱང་དུས་ཚོད་དང་འགྲོ་གྲོན་མི་ཉུང་བ་ཞིག་གི་ཐོག་རྒྱལ་ཡོངས་ས་ཆེན་དྲྭ་བ་ཞེས་པའི་དྲྭ་ཚིགས་ཞིག་བཟོ་བཞིན་ཡོད། དྲྭ་ཚིགས་འདི་ནི་སྤྱི་ལོ་༢༠༡༧ ལོར་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ཞེ་གཉིས་པའི་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོའི་སྐབས་ཀུན་གྱི་སྤྱན་སྔར་དབུལ་ཐུབ་པའི་རེ་བ་ཆེན་པོ་བྱེད་བཞིན་ཡོད་མོད།  ཤེས་འཇོན་དང་ཉམས་མྱོང་སོགས་ཀྱི་ཆུ་ཚད་ཧ་ཅང་ཞན་པའི་དབང་གིས་དྲྭ་ཚིགས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་ཞིག་བསྡུ་རུབ་བྱེད་ཐུབ་རྒྱུ་ནི་ཉིན་མོའི་སྐར་མ་ལྟར་ཡིན་པས།  གཞིས་བྱེས་གཉིས་སུ་ཡོད་པའི་རང་རིགས་ཆོས་བརྒྱུད་འཛིན་པའི་བླ་སྤྲུལ་མཁན་པོ་དགེ་བཤེས་རྣམ་པ་དང་། ལོ་ཙཱ་བ། རྩོམ་པ་པོ་སུ་ཡང་རུང་བ་ནས་རྩོམ་སྒྲིག་གནང་འདོད་ཡོད་རིགས་ལ་གོ་སྐབས་དབུལ་རྒྱུ་ཡིན་པས་དྲྭ་བའི་ལས་གཞི་འདི་ལ་མཉམ་ཞུགས་གནང་རོགས་ཞེས་རེ་བསྐུལ་ཞུ་བཞིན་ཡོད།           

                   དྲྭ་ཚིགས་ཀྱི་གྲུབ་ཆ་ནི། གསུང་རབ། གསར་འགྱུར། དགོན་སྡེ། མི་སྣ་ངོ་སྤྲོད། དཔེ་དེབ། རྩོམ་རིག རིག་གནས། ལོ་རྒྱུས། པར་རིགས། ཞལ་འདོན་བཅས་ལས་གྲུབ་པ་ཡིན། གོང་གསལ་ནང་དོན་གང་ཞིག་དང་འབྲེལ་ཡོད་ཀྱི་ཡིག་ཆའི་རིགས་སོགས་ཡོད་ཚེ་ཕྱི་ལོ་ ༢༠༡༧ ལོར་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ཞེ་གཉིས་པའི་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོ་མ་འཚོགས་གོང་དུ།  གཤམ་འཁོད་གློག་འཕྲིན་དང་འཕྲིན་ཕྲན་གང་རུང་བརྒྱུད་ནས་བསྐུར་ན་ཆོག ། མཉམ་འཇོག་དགོས་པ་ཞིག་ལ། གལ་ཏེ་ཡིག་ཆའི་རིགས་བསྐུར་ཚེ་ངེས་པར་དུ་གཅིག་གྱུར་ཨང་སྒྲིག་ཅན་གྱི་བོད་ཡིག་གི་ཡིག་གཟུགས་ཡིན་དགོས། གྲལ་དག་པའི་ངང་ཐད་ཀར་ཡིག་ཟམ་ནང་བཏང་བ་དང་། ཡང་ན་Word ཐོག་ཡིན་ན་ཡིག་ཟམ་ནང་ཟུར་བཀོད་ཀྱི་རྣམ་པའི་ཐོག་བསྐུར་ནའང་ཆོག །               

                 མཛད་སྒོའི་སྐབས་ངོ་སྤྲོད་དང་འབྲེལ་རྩོམ་སྒྲིག་ཇི་ལྟར་གནང་དགོས་མིན་གསལ་བཤད་དང་ཡང་ན་ཟུར་ཁྲིད་བྱ་རྒྱུ་ཡིན་པས་དྲྭ་ཚིགས་དང་གློག་ཀླད་སོགས་ལ་དམིགས་གསལ་དགའ་མོས་ཡོད་མཁན་ཚང་མས་འཕྱར་གྲུ་མཉམ་འདེགས་ཞིག་གནང་ཐུབ་ཚེ། དྲྭ་ཚིགས་འདི་གསལ་ཞིང་དྲི་མ་མེད་པ་ཞིག་ཀུན་གྱི་སྤྱན་ལམ་དུ་འགྱུར་ཐུབ་པ་ནི་སྨྲོས་མ་དགོས་པས་དེ་དོན་ཚང་མས་ཅི་ནས་ཀྱང་དགོངས་འཇགས་གནང་སྐྱོང་ཡོང་བ་མཁྱཻན། མཁྱེན།། །།

                               རྒྱལ་ཡོངས་ས་ཆེན་དྲྭ་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཕར་ནང་ཚང་དཀོན་མཆོག་དར་རྒྱས་ནས།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*