དབུ་མ་རྣམ་པར་ངེས་པའི་བང་མཛོད་ལུང་དང་རིག་པའི་རྒྱ་མཚོ་ལས་བདེན་གཉིས་ཆེན་པོར་འཇུག་པའི་ལེའུ་གསུམ་པ།
༄༅། །ཀླུ་སྒྲུབ་ལུགས་བཟང་འཁྱོག་པོར་འདྲེན་པའི་ཤིང་རྟའི་སྲོལ་དེར་ནམ་ཡང་མི་གཤེགས་པར། །རྣམ་དཔྱོད་ཆུ་བོ་དྲང་པོར་འབབ་པའི་ལམ་དུ་བདེ་བར་རྒྱུ་ཞིང་སོང་བ་ལས། །རྟག་ཏུ་ཟབ་མོའི་རྒྱ་མཚོར་གནས་བཅས་མང་དུ་གསན་པའི་ནོར་གྱིས་རབ་གང་བ། །ཕྲིན་ལས་ཆུ་ཀླུང་འབུམ་ཕྲག་རྟག་ཏུ་འབེབས་ལ་བརྩོན་མཛད་དེ་ལ་ཕྱག་བགྱི་འོ། །ཟླ་བའི་ལེགས་བཤད་མདངས་གསལ་གྱིས། །གངས་ཅན་ཉིན་མོར་བྱས་པ་ན། །ཉི་མར་གྲགས་པའི་བཤད་སྲོལ་གྱིས། །ཉིན་མོར་བས་ཀྱང་ཉིན་མོར་བྱས། །དེ་ནས་རང་ དེ་ལས་མང་་་
